4275

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱེའུ་ལས་བྱིན་ (1)
Part of speech མིང་ཚིག
Definition དམ་པའི་ཁྱེའུ་ལྔའི་ཡ་གྱལ་ཞིག་སྟེ། མདོ་དགོངས་པ་འདུས་པ་ལས་གསུངས་པ་ལྟར་རྒྱལ་བ་རིགས་ལྔ་ལས་སངས་རྒྱས་རྣམ་པར་སྣང་མཛད་དེ་ཉིད་ལས་དང་པོའི་གནས་སྐབས་ཞིག་ཡིན། དེའང་སྔོན་འདས་པའི་བསྐལ་པ་མངོན་པར་དགའ་བའི་དུས་བྲམ་ཟེའི་རིགས་སུ་སྐྱེས་པའི་ཁྱེའུ་ལས་བྱིན་བྱ་བ་འདི་ཉིད་སངས་རྒྱས་ཀུན་ཏུ་བཟང་པོའི་སྐུ་མདུན་དུ་སེམས་བསྐྱེད་ནས་བཟུང་ཐུན་མོང་རྒྱུའི་ལམ་ལ་བསྐལ་པ་དུ་མར་བསླབས་པའི་མཐར། ཡང་སངས་རྒྱས་སྤྱན་ཆེན་པོའི་མདུན་གསང་བ་མཆོག་གི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐུན་མིན་གསང་སྔགས་ཀྱི་རྣལ་འབྱོར་ལྔར་སློབ་སྐབས། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བྱེད་ཀྱི་བུ་ལྔའི་ནང་གསེས་བསམ་གྱིས་མི་ཁྱབ་པའི་དཔལ་དུ་སྐྱེ་བ་བཞེས། མཐར་ལམ་དང་པོ་ཐོབ་སྟེ་རྒྱལ་ཚབ་སྐྱེས་བུར་གྱུར་པ་ན་སྐྱེས་བུ་དམ་པ་རྡོ་རྗེ་དབྱིངས་ཞེས་ཞིང་ཁམས་ཀུན་ཏུ་གྲགས། འཇིག་རྟེན་གྱི་ཁམས་དབུས་ཕྱོགས་བྱང་ཆུབ་ཀྱིས་རྒྱན་པ་ཞེས་བྱ་བར་སངས་རྒྱས་རྣམ་པར་སྣང་མཛད་ཅེས་བྱ་བར་འབྱུང་བར་འགྱུར་རོ། །ཞེས་པའི་ལུང་བསྟན་ཐོབ་པ་ཡིན།
Domain ཆོས་ལུགས།

{{#arraymap:ཁྱེའུ་ལས་བྱིན་

|; |@@@ | | }}