42770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྡ་ཚང་དགོན་ (1)
Part of speech མིང་ཚིག
Definition གཡུང་ཤུལ་གསུང་མཆོག་རྡོ་རྗེས་རབ་བྱུང་བཅོ་ལྔར་ལྕགས་ལུག་ཕྱི་ལོ ༡༨༧༡ ལོར་བཏབ། དགོན་པའི་མཚན་ནི། བརྡ་ཚང་བསྐལ་བཟང་དགོན་གྲགས། དེ་རྗེས་རིག་འཛིན་བདུད་འདུལ་རྡོ་རྗེའི་སྐུ་ཕྲེང་གཉིས་པ་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་ཐུབ་ཆེན་གསེར་ཁང་དང་བཀའ་དང་བསྟན་བཅོས་སོགས་གསར་བཞེངས་དང་ཟབ་ཆོས་གསང་སྐོར་བཞི་དང་། མཁའ་འགྲོ་འབུམ་གྱི་སྙིང་ཁྲག་སོགས་ཟབ་གཏེར་པོད་ཉི་ཤུ་ལྷག་གཏན་ལ་ཕབས་ཏེ་འཁོར་སློབ་རྣམས་སྨིན་གྲོལ་གྱི་གདམ་པ་མང་དུ་གནང་། ཕུར་པ་བདེ་གཤེགས་སྙིང་པོའི་དགུ་སྒྲུབ་བཙུགས་ཏེ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་མི་ནུབ་པའི་རྒྱུན་བསྲིངས། ཀཿཐོག་པའི་རིང་ལུགས་ལྟར་བོད་ཟླ་གསུམ་པར་འོད་འབར་གྱི་སྒྲུབ་པ་ནང་ཚོགས་ཉིན་བཅུ་དང་གར་འཆམ་དང་སྦྲགས་ཉིན་གཉིས། ཟླ་བ་བཞི་པར་བདེ་ཆེན་ཞིང་སྒྲུབ་ཉིན་བཅུ་དང་སྦྲགས་སེར་སྐྱ་ཡོངས་ཀྱིས་བསྙེན་གནས་འཚོགས་རྒྱུ། ཟླ་བ་ལྔ་པར་སྒྱུ་འཕྲུལ་ཞི་བའི་གར་འཆམ་བཅས་རབ་གནས་ཉིན་བཞི། དབྱར་གནས་དང་བཅའ་དང་འཚོགས་རྒྱུ་ཡོད། སྤྲུལ་དྲི་མེད་འོད་ཟེར་གྱི་རིང་ལ་རྒྱུ་གསེར་དངུལ་ལས་གྲུབ་ཅིང་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་ཚོམ་ཅན་གྱི་ཡབ་རྗེ་བླ་མའི་སྐུ་གདུང་མཆོད་རྟེན་དང་མཁའ་འགྲོ་རྣམས་ཀྱི་སྐུ་གདུང་མཆོད་རྟེན་གསུམ། ཡིག་བརྒྱའི་དུང་འཁོར་ཆེ་བ་གཅིག་ལ་འཁོར་ཆུང་ཉེར་ལྔས་བསྐོར་བ་དང་བཅས་བཞེངས། ཆོས་སྡེ་འདི་ཡི་ཡོན་གྱི་འབྱུང་ཁུངས་ནི། ལྷ་སྡེ་རྟ་ཤུལ་གོང་མ་དང་། མགོ་ལོག་ཁག་གསུམ་སོགས་དད་ལྡན་ཡོན་བདག་གིས་མཐུན་རྐྱེན་སྒྲུབ་པ་དང་། མ་དགོན་སྟག་རྩེད་དགོན་དང་བུ་དགོན་རླུང་ཤར་དང་ནེ་གྲོ་སྟག་ཚང་། ལུང་ཧོབ་རུ་ཁྲོད། སྨར་མདོ་བཀྲ་ཤིས་དགའ་འཁྱིལ་སོགས་དང་། གཞན་ཡང་བདུད་འཇོམས་ཡང་སྤྲུལ་རིན་པོ་ཆེས་ཕྱག་བཏབ་ཀྱི་དགོན། རྒྱ་གར་གྱི་ཀ་ལི་ཀ་ཏ་དང་། བཀའ་བློན་སྦུག ཤྲྀ་གྷུ་རུ། བལ་ཡུལ་དང་འབྲུག་པ། ཧྥ་རིན་སི། ཨ་མེ་རི་ཀ་སོགས་སུ་མང་། ཕྱི་ལོ་ ༡༩༥༠ སྐོར་ལ་རང་གྲྭ་བརྒྱ་ཕྲག་ཙམ་ཡོད། དུས་འགྱུར་རྗེས་ནས་རིགས་སྲས་རྟ་མགྲིན་དབང་རྒྱལ་དང་། པདྨ་དབང་པོ། དབོན་པོ་དགོན་པ་སྐྱབས། ཚེ་སྒྲུབ་སྐྱབས། གཏེར་སྟོན་སངས་རྒྱས། ཨ་བླ་སོགས་ཀྱིས་འདུ་ཁང་ནང་རྟེན་དང་བཅས་བསྐྱར་བཞེངས་བྱས།

{{#arraymap:བརྡ་ཚང་དགོན་

|; |@@@ | | }}