428

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀམ་ཀམ་བརྩོན་འགྲུས་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཆུ་གླང་ཕྱི་ལོ ༡༣༡༣ ལོར་ཀླུང་ཤོད་ཟུར་རེར་འཁྲུངས། དགུང་ལོ་བཅུ་པར་འཇམ་དབྱངས་རིན་ཆེན་སེང་གེས་མཁན་པོ་དང། མཁན་ཆེ་བརྩོན་འགྲུས་རིན་ཆེན་གྱི་སློབ་དཔོན་གནང་སྟེ་རབ་ཏུ་བྱུང་། མཚན་ལ་བརྩོན་འགྲུས་བཟང་པོ་གསོལ། ཉེར་བདུན་པར་མཁན་སློབ་དེ་གཉིས་ལས་བསྙེན་པར་རྫོགས། ཆོས་འཁོར་གླིང་དུ་སློབ་དཔོན་ཤེས་རབ་རྒྱལ་མཚན་དང་། སློབ་དཔོན་བློ་བཟང་གཉིས་ལས་འདུལ་བ་ལ་སོགས་པའི་ཆོས་སྐོར་རྣམས་གསན། མཁན་ཆེན་བཀྲ་ཤིས་རིན་ཆེན་དང་། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཆོས་དབང་། སྤྱན་སྔ་རིན་ཆེན་སེང་གེ། བྱ་ཡུལ་བའི་མཁན་པོ་རིན་ཆེན་ཚུལ་ཁྲིམས། སློབ་དཔོན་གཞོན་བུ་བརྩོན་འགྲུས། མཁན་པོ་བརྩོན་རྒྱལ་རྣམས་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། སྒོམ་སྒྲུབ་ཉམས་ལེན་ཡང་མཛད། སོ་བདུན་པ་རབ་བྱུང་དྲུག་པའི་ས་གླང་ཕྱི་ལོ ༡༣༤༩ ལོར་ཀམ་ཀམ་གྱི་གདན་སར་ཕེབས། ལོ་ངོ་སོ་ལྔའི་རིང་གདན་ས་བསྐྱངས། བུ་སློབ་མང་དུ་བསྐྱངས། བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱས་མཛད། དོན་གསུམ་པ་རབ་བྱུང་དྲུག་པའི་ཤིང་གླང་ཕྱི་ལོ ༡༣༨༥ ལོར་གཤེགས། ཀམ་ཀམ་གྱི་གདན་རབས་དགུ་པ་ཡིན།

{{#arraymap:ཀམ་ཀམ་བརྩོན་འགྲུས་བཟང་པོ་

|; |@@@ | | }}