43280

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཤད་སྒྲུབ་ནོར་བུ་ལྷུན་པོ་ (1)
Part of speech མིང་ཚིག
Definition ཀཿཐོག་པའི་བཤད་སྒྲུབ་ནོར་བུ་ལྷུན་པོ་ཞེས་ཡོངས་སུ་གྲགས་པ་འདི་ནི། རབ་ཚེས་མེ་རྟ་ལོར་འཇམ་མགོན་མི་ཕམ་རིན་པོ་ཆེའི་བཀའ་བཞིན་བཤད་གྲྭ་འདི་ཐོག་མར་འཛུགས་པ་ལས་རིམ་བཞིན་ཇེ་རྒྱས་སུ་གྱུར་ལོ་ལྔ་རེའི་ནང་ཐོས་པས་བག་ཆགས་འཇོག་པའི་གཞུང་བརྒྱ། བསམ་པས་སྒྲོ་འདོགས་བཅད་པའི་གཞུང་ཉེར་ལྔ༌། སྒོམ་པས་ཉམས་སུ་བླངས་པའི་གཞུང་ལྔ་བཅས་ཀྱི་ནང་མདོ་སྔགས་ཡོངས་ཀྱི་གཞུང་རྣམས་རྫོགས་པར་མཛད། བྱམས་མགོན་ལུང་བསྟན་ལས། བཞི་བཅུ་ཞེ་ལྔ་དོན་སྟོན་གནས། །ཞེས་གསུངས་པ་ལྟར་བཤད་གྲྭ་འདི་ལོ་ཞེ་ལྔ་ཁ་ལྷག་ཙམ་གནས་པའི་ནང༌། མདོ་སྔགས་རིག་གནས་དང་བཅས་པའི་འཆད་རྩོད་བརྩམ་གསུམ་གྱི་སྒོ་ནས་ལུང་རྟོགས་གཉིས་ཀྱི་བསྟན་པ་གསལ་བར་བྱེད་པའི་མཁས་པ་ཆེན་པོ། སྐྱབས་རྗེས་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ། གཞི་ཆེན་མཁན་པོ་བསྟན་བཟང༌། མཁན་ཆེན་ཀུན་བཟང་དཔལ་ལྡན། སྨྱོ་ཤུལ་མཁན་པོ་རྡོ་ལི། ཀུན་མཁྱེན་ཚུལ་ཁྲིམས་རྒྱ་མཚོ། ཐུབ་བསྟན་ལེགས་བཤད་དུལ་བའི་སྡེ། ནུས་ལྡན་མཁྱེན་བརྩེའི་བློ་གྲོས། འགུ་ལོག་སྤྲུལ་སྐུ་འགྱུར་མེད་རྡོ་རྗེ། ཉག་རོང་མཁན་པོ་སྐལ་བཟང་དབང་ཕྱུག དྲུག་བསྟོད་མཁན་པོ་ཨ་དགེ་ཁམས་སྒར་མཁན་པོ་ཇོ་ཚེ་རྡོ། འགུ་ལོག་ཏུ་བྱོན་པའི་ཉག་རོང་མཁན་པོ་འཇམ་དཔལ་རྒྱ་མཚོ། ཉག་རོང་མཁན་པོ་ཤེས་རབ་སེངྒེ༌། ཤིང་ཁྲི་མཁན་པོ་ཀུན་དགའ་བསྟན་འཛིན། ཧ་འཇའ་མཁན་པོ་དོན་གྲུབ། འགོ་ཚ་མཁན་པོ་པདྨ་རབ་རྒྱས། ཧོར་པོའི་མཁན་པོ་རྒྱལ་མཚན་འོད་ཟེར། དཔལ་ཡུལ་མཁན་པོ་པདྨ། ཉག་རོང་མཁན་པོ་ཤེས་རབ་རབ་གསལ། འབིག་ལུ་མཁན་པོ་དྲི་མེད་བློ་གྲོས། ཁྱུང་པོར་མཁན་པོ་དོན་དམ་ཁྱུ་མཆོག དངུལ་མཁར་མཁན་པོ་ཤེས་རབ། ཉག་རོང་མཁན་པོ་དགེ་འདུན་འཕེལ་རྒྱས། ཙམ་མདོ་མཁན་པོ་རྡོ་རྗེ་བློ་གྲོས། མགོ་ལོག་མཁན་པོ་མུན་སེལ། སོགས་གྲགས་པ་དོན་དང་ལྡན་པའི་མཁས་པ་མང་པོས་ཁམས་དབུས་ཀུན་ཏུ་ཁྱབ་པ་དང༌། རྫོང་སར་དུ་རྗེ་འཇམ་མགོན་ཆོས་ཀྱི་བློ་གྲོས་དང༌། དཔལ་ཡུལ་དུ་གྲུབ་དབང་ཆོས་ཀྱི་གླང་པོ། སྨྱོ་ཤུལ་དུ་ཀུན་མཁྱེན་ངག་གི་དབང་པོ། བཀྲ་ལེགས་དགོན་དུ་ཕྱག་ཚ་པདྨ་འཕྲིན་ལས་རྒྱ་མཚོ་བཅས་ཀྱི་བཤད་གྲྭ་ཆེན་པོ་བཞི་དང༌། དེ་རྣམས་ལས་འཕྲོས་པའི་བཤད་གྲྭ་མང་པོས་ཕྱོགས་ཐམས་ཅད་དུ་ཁྱབ་པ་འདི་བྱུང་བ་ཡིན་ནོ། །

{{#arraymap:བཤད་སྒྲུབ་ནོར་བུ་ལྷུན་པོ་

|; |@@@ | | }}