4351

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲ་གླིང་དགོན་ (1)
Part of speech མིང་ཚིག
Definition མིང་ཡོངས་ལ་ཁྲ་གླིང་དགོན་ཐུབ་བསྟན་བཤད་སྒྲུབ་ནོར་བུའི་དགའ་ཚལ་བཀྲ་ཤིས་ཆོས་ལྡན་གླིང་ཟེར། ༡༨༩༥ལོར་གླིང་སྤྲུལ་པདྨ་ལུང་རྟོགས་རྒྱ་མཚོས་སྔ་འགྱུར་ཀཿཐོག་པའི་གྲུབ་མཐའ་ལྟར་བསྟན་པའི་གཞི་བཙུགས། དེ་ནས་རིག་འཛིན་འཇིགས་མེད་གླིང་བའི་རྣམ་སྤྲུལ་གླིང་གཏེར་པདྨ་ལྷུན་གྲུབ་ནོར་བུ་དང་སུ་རུག་བླ་མ་ཀུན་བཟང་རང་གྲོལ་གཉིས་ཀྱིས་བསྐྱངས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་སྤྲུལ་གླིང་བླ་མ་ཀ་དག་ཆོས་ཀྱི་རྡོ་རྗེ་༡༨༩༧ལ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་དགོན་པ་རྒྱ་བསྐྱེད་དགོས་པའི་བཀའ་གསུང་གནང་བ་ལྟར། ཁོང་གིས་འདུ་ཁང་དང་མཆོད་ཁང་། སྒྲུབ་ཁང་། གྲྭ་ཁང་བཅས་རིམ་པར་གསར་བཞེངས་མཛད། ༡༩༡༩ལོར་དབྱར་གནས་དང་རྡོར་སེམས་སྒྲུབ་གྲྭའི་དབུ་བཙུགས། ༡༩༢༠ལོར་ཀཿཐོག་མཁན་འཇམ་དཔལ་རྒྱ་མཚོ་གདན་དྲངས་ནས་བཤད་གྲྭ་གསར་བཞེངས་བྱས། དེ་ནས་རིམ་པར་ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་དང་། ཀཿཐོག་ངེས་དོན་བཞི་པ་པདྨ་འཕྲིན་ལས་རྒྱ་མཚོ། ཀཿཐོག་རྨོག་སྤྲུལ་ལྔ་པ་འཇིགས་བྲལ་ཕྱོགས་ཀྱི་གླང་པོ། ཀཿཐོག་དབོན་སྤྲུལ་ཚུལ་ཁྲིམས་ཡོན་ཏན་རྒྱ་མཚོ། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། གཞི་ཆེན་གྲེ་འབོད་སྤྲུལ་སྐུ། རྫ་མིར་སྤྲུལ་སྐུ། མ་ཎི་བླ་མ་པདྨ་སིདྷི། ལྟག་ལེབ་བླ་མ་དཀོན་མཆོག་རྒྱལ་མཚན། རྡོ་གྲུབ་ཆེན་སྤྲུལ་སྐུ་སོགས་སྐྱེས་ཆེན་མང་པོས་དགོན་འདིར་ཞབས་ཀྱིས་བཅགས་ཤིང་ཆོས་དང་དངོས་པོའི་བདག་རྐྱེན་སྦྱར་ནས་བརྩེ་གཟིགས་མཛད། དགོན་འདི་ལ་བསྟན་པའི་ཁུར་ཆེན་འཛིན་པའི་གླིང་བླ་མ་ཆོས་འབྱོར་དང་འགོ་སེར་བླ་མ་བསྟན་ཆོས། གླིང་སྤྲུལ་རིག་འཛིན་རྒྱ་མཚོ། ཀཿཐོག་མཁན་སྐལ་བཟང་རྒྱ་མཚོ། ཨ་སྐྱོང་སྤྲུལ་བློ་བཟང་ཚུལ་ཁྲིམས། འདན་བླ་རིག་འཛིན་རྡོ་རྗེ། གཏེར་སྟོན་རཏྣ། འབྲོག་པ་མཁན་པོ། མདའ་སྤྲུལ་འཇམ་དཔལ་བསྟན་འཛིན། མཁན་དགེ་འདུན་བཀྲ་ཤིས། མཁན་འོད་ཟེར་མཐའ་ཡས། ཉག་ཞབས་མཁན་ལྷ་སྐྱབས། སྟོང་ཟ་མཁན་བཀྲ་ཤིས་རྒྱ་མཚོ། སྡེར་ནང་མཁན་སངས་བསྟན་དང་། བསྟན་པ་ཡང་དར་གྱི་སྐབས་ཀཿཐོག་རྨོག་ཞིང་གཉིས་ཀྱི་ཐུགས་བཞེད་ལྟར་མཁན་པོ་པདྨ་བློ་གྲོས་གདན་འདྲེན་བྱས་ནས་ཀཿཐོག་དགོན་ཆེན་གྱི་བཤད་གྲྭ་ནོར་བུའི་ལྷུན་པོ་སླར་གསོ་བྱེད་པར་བརྩམས་ཚེ་ཁོང་རྣམ་གཉིས་ཀྱིས་ཀཿཐོག་པའི་མཁར་རབས་བཅུ་གཉིས་པར་ཁྲི་འདོན་མངའ་གསོལ་མཛད། ཁྲ་གླིང་དགོན་པའི་བཤད་གྲྭའི་མཁན་པོ་ལོ་བཅུ་གཉིས་བར་མཛད། རྡོ་གྲུབ་མཁན་ཆེན་དམ་ཆོས་ཀྱི་ཡང་སྲིད་མཆོག་སྤྲུལ་བསྟན་པའི་ཉི་མ་སོགས་སྐྱེས་ཆེན་མང་པོས་བརྩེ་བས་སྐྱོང་བཞིན་པའོ། །

{{#arraymap:ཁྲ་གླིང་དགོན་

|; |@@@ | | }}