43555

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་དགོན་ (1)
Part of speech མིང་ཚིག
Definition ཕྱག་འདེབས་པ་པོ་ནི་འབྲུག་པདྨ་དཀར་པོ་ཡིན། ཁོང་གི་སྐུ་ཚེའི་སྨད་ཙམ་ལ་བཞེངས་པའི་ངག་སྒྲོས་ལ་གཞིགས་ན་རབ་བྱུང་བཅུ་པའི་མགོ་ལ་བཏབ་སྙམ། དེའང་གཏེར་སྟོན་དུ་མས་ཟབ་གཏེར་མང་དུ་བཞེས་པའི་ཆོས་འཕེལ་བྲག་ཙིཏྟ་གནམ་དུ་སློང་བ་ལྟ་བུ་དེ་ཉིད་རྒྱབ་རི་བྱས་ནས། རྡོ་སྦས་པ་ཉལ་བ་འདྲ་བར་ལྷ་ཁང་བཞེངས་དགོས་པའི་ལུང་བསྟན་དང་མཐུན་པར་རི་ཁྲོད་དགོན་པའི་ཚུལ་དུ་བཏབ་ནས་མཚན་དུ་ཆོས་འཕེལ་རི་ཁྲོད་ཅེས་གསོལ། ཆོས་འཕེལ་བྲག་དང་འཇང་རི་སྨུག་པོ། ཡ་མི་མཚོ་རྒན་རྣམས་ཀྱི་བསང་ཡིག་དང་། འབྲུག་པའི་བཀའ་སྲུང་རྣམས་ཀྱི་གསོལ་བསྡུས་སོགས་ཀྱི་མཐར། པདྨ་དཀར་པོས་ཆོས་འཕེལ་རི་ཁྲོད་དུ་བྲིས་ཞེས་བཀོད་ཡོད་པ་ད་ལྟའང་ཡིག་རྙིང་དག་ཏུ་སྣང་། དེ་ནས་རིམ་བཞིན་སློབ་ཚོགས་འཕེལ་ཏེ་དགོན་པར་ཆགས། མཚན་དུ་བསམ་གཏན་ལྷུན་གྲུབ་དགོན་ཞེས་གསོལ། འབྲུག་པའི་ཆོས་སྐོར་གྱི་སྨིན་གྲོལ་རྒྱ་ཆེར་དར། མགོན་ཁང་དུ་འབྲུག་པའི་ཆོས་སྲུང་ཡོངས་རྫོགས་ཀྱི་འདམ་སྐུ་བཞེངས། ངག་དབང་ཀུན་དགའ་བསྟན་འཛིན་གྱིས་དགོན་ཆུང་གསར་དུ་རྒྱ་བསྐྱེད་མཛད་ནས་བཀའ་དྲིན་བསྐྱངས། དེའི་རྗེས་ནས་ཀརྨ་ཆོས་འཕེལ། བསམ་གཏན་བསྟན་འཛིན། ཆོས་ཉིད་རང་གྲོལ། དབང་ཕྱུག་རྡོ་རྗེ། བརྩོན་འགྲུས་བཟང་པོ། བསྟན་འཛིན་དཔལ་བཟང་། ཀུན་དགའ་འོད་ཟེར། ཤེས་རབ་འོད་ཟེར་སོགས་ཀྱིས་བསྐྱངས། ཐོག་མར་དགོན་པ་འདེབས་སྐབས་ཀྱི་གྲུབ་མཐའ་ནི་འབྲུག་པ་བཀའ་བརྒྱུད་ཡིན་ཡང་ཕྱིས་སུ་རྙིང་མའི་བཀའ་གཏེར་གྱི་སྨིན་གྲོལ་ཡང་སྤེལ་བས་བཀའ་རྙིང་གྲུབ་མཐའ་འདྲེས་མར་གྱུར། དགོན་འདིར་ནང་རྟེན་གཙོ་བོ། དགོངས་འདུས་དཀྱིལ་འཁོར་དགུ་རྫོགས་ཀྱི་ཐང་ཀ་དང་འདྲ་སྐུ། ཆོས་སྐོར་ཡོངས་རྫོགས། ཞི་ཁྲོ་དམ་པ་རིགས་བརྒྱའི་ཆོས་སྐོར་ཡོངས་རྫོགས་ཡོད་པར་གྲགས། གྲྭ་མང་གིས་ཞག་དུས་སྒྲུབ་མཆོད་བརྩོན་བཞིན་ཡོད།

{{#arraymap:བསམ་གཏན་དགོན་

|; |@@@ | | }}

བསམ་གཏན་དགོན་ (2)
Part of speech མིང་ཚིག
Definition ཐང་སྐྱིད་གསང་སྔགས་བསམ་གཏན་ཆོས་གླིང་ནི། གདུང་སྲས་པདྨ་རྣམ་རྒྱལ་དང་རྡོ་རྗེ་ཆོས་དབང་གཉིས་སྤྱན་དྲངས་ནས་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་སྟག་ཕྱི་ལོ་ ༡༧༨༢ ལ་དགོན་པ་བཏབ་སྟེ་གསང་སྔགས་བསམ་གཏན་ཆོས་གླིང་ཞེས་མཚན་གསོལ། དེ་མཚམས་སུ་ཉག་སྐེད་དཔོན་གྱི་མངའ་ཞབས་སུ་མ་བསྡུས་པས་ཐང་སྐྱིད་ཡུལ་དགོན་རྣམས་མདོ་སྨད་དུ་ཡུལ་འཁྱར་ལོ་བཅུ་ལྷག་འགྲོ་དགོས་བྱུང་། དེ་རྗེས་སླར་ཆགས་ནས་གྲུབ་ཆེན་པདྨ་བདུད་འདུལ་སྤྱན་དྲངས་ནས་རྗེ་ཡིས་ཞལ་བཀོད་ལྟར་རྒྱལ་སྲས་ལྷ་ཁང་ཤུལ་གྱི་གཡོན་ཟུར་དུ་རབ་བྱུང་བཅུ་བཞི་པའི་མེ་ཕོ་སྟག་ཕྱི་ལོ་ ༡༨༦༦ ལོར་ལྷ་ཁང་བཞེངས། ནང་དུ་གྲུབ་རྗེའི་ཞལ་གསུང་ལྟར་རྒྱན་དྲུག་དང་མཆོག་གཉིས་བཞེངས། པདྨ་བདུད་འདུལ་དང་གྲྭ་སུམ་ཅུ་ཙམ་གྱིས་མ་ཎིའི་བུམ་སྒྲུབ། མཁའ་ཁྱབ་རང་གྲོལ་ཚོགས་མཆོད་སྒྲུབ་པ། ཨ་འཛོམ་འབྲུག་སྤྲུལ་ཡབ་སྲས། གར་དབང་སྤྲུལ་སྐུ་རྣམ་གཉིས། སྨྱོ་ཤུལ་ལུང་རྟོགས། མཁན་ངག་དབང་དཔལ་བཟང་། གཏེར་ཆེན་མཐུ་སྟོབས་གླིང་པ་ཡབ་སྲས། གཏེར་ཆེན་དྲི་མེད་ཡབ་སྲས། བདེ་ཆབ་སྟོབས་རྒྱལ། བདེ་ཆབ་ཨ་བསོད། གཏེར་ཆེན་ལས་རབ་གླིང་པ་ཡབ་སྲས་སོགས་འདིར་བྱོན་ནས་བཀའ་གཏེར་སྨིན་གྲོལ་གྱི་དབང་ལུང་རྒྱ་ཆེར་གནང་། ནང་རྟེན་སྟོན་པའི་སྐུ། གནས་བརྟན་བཅུ་དྲུག་སོགས་བཞུགས། བརྒྱུད་གསུམ་བླ་མའི་ཕྱག་བཞེས་ལྟར་གཤིན་རྗེ་དྲེག་འཇོམས་མཁའ་ཁྱབ་རང་གྲོལ། ཐུགས་ཆེན་ཡང་འདུས་ཀྱི་སྒྲུབ་མཆོད། དོང་སྤྲུག ཐོས་གྲོལ། བདུད་ཀློང་ཆོས་སྐོར། དབྱར་གནས་སོགས་ཀྱི་འཚོགས་དུས་མཆོད་གྲངས་ལས་འདས། འདི་དུས་གྲྭ་བ་བརྒྱ་དང་ལྔ་བཅུ་ལྷག་ཡོད་ལ་མཆོད་སྡེ་ཡུལ་འབྲོག་གཉིས་དུད་ཁག་བརྒྱ་ལྷག་ཙམ་ཡོད།འོན་ཀྱང་རིག་གསར་སྐབས་སུ་ལྷ་ཁང་རྟེན་རྙིང་རྣམས་མིང་མེད་དུ་བཏང་། དེའི་རྗེས་སུ་པདྨ་རྒྱལ་མཚན་སོགས་ཀྱིས་གཙུག་ལག་ཁང་བསྐྱར་བཞེང་མཛད། སྒྲུབ་པ་དང་དུས་མཆོད་ནི། དབྱར་ཟླ་ལྔ་པའི་ཚེས་ཉེར་ལྔ་ནས་མཁའ་ཁྱབ་རང་གྲོལ་བུམ་སྒྲུབ་ཉིན་བདུན། བླ་མ་གསང་འདུས་ཉིན་ལྔ། གུ་རུ་ཞི་བ། འཆམ་དབང་དང་བཅས། ཀློང་གསལ་གུར་དྲག་ཡེ་ཤེས་རབ་འབར། ཉང་གཏེར་བཀའ་བརྒྱད། བདེ་གཤེགས་འདུས་ཆེན། རང་རིགས་གདུགས་ནག་རྟ་ཕག་ཁམས་གསུམ་རོལ་པ། ཐོས་གྲོལ་སོགས་ཀྱི་དགོན་ཡུལ་སྤྱི་ཡི་ཞབས་རིམ་སྒྲུབ་པ་ལགས། དེ་ནས་དབྱར་གནས་ཞག་ལྔ་བཅུ། བོད་ཟླ་དགུ་པའི་ནང་གཤིན་རྗེ་དྲེག་འཇོམས་ཞག་ལྔ། བདུད་ཕུར། སེང་གདོང་སོགས་ཀྱི་དགུ་གཏོར། འཆམ་བཅས་འཚོགས་བཞིན་ཡོད།

{{#arraymap:བསམ་གཏན་དགོན་

|; |@@@ | | }}