43958

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསོད་ནམས་གྲགས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ཕྱི་ལོ ༡༧༢༣ ལོར་མདོ་སྨད་མེ་རྒན་གྱི་མངའ་ཞབས་སུ་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། སྡེ་ཁྲི་རིན་པོ་ཆེ་དང་། འབེ་བསྟན་འཛིན་རྒྱ་མཚོ་སོགས་བསྟེན། བསྡུས་གྲྭ་དང་། ཕར་ཕྱིན་བཅས་ལ་སློབ་གཉེར་མཛད། དབུས་ཀྱི་འབྲས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། པོད་ལྔའི་གཞུང་ལ་ཐོས་བསམ་རྣལ་མ་མཛད། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་ཡང་མཛད། སྨད་རྒྱུད་གྲྭ་ཚང་དུ་ཕེབས། སྐྱོར་དཔོན་གནང། རྒྱུད་འགྲེལ་ཆེན་མོའི་ལེའུ་གསུམ་པའི་མཚམས་སྦྱར་བར་ཐུགས་འཛིན་དང་། བསྐྱེད་རྫོགས་ཀྱི་ཆོ་ག་ཕྱག་ལེན་ཀུན་ལ་ལེགས་པར་སྦྱངས། འབྲས་སྤུངས་དགེ་འཕེལ་དུ་སྒྲུབ་པ་ཉམས་ལེན་ལ་གཞོལ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེ། ཁྲི་ཆེན་ངག་དབང་མཆོག་ལྡན། བ་རི་དཔོན་སློབ་ངག་དབང་དོན་གྲུབ། ཀློང་རྡོལ་ངག་དབང་བློ་བཟང་བཅས་ལས་ཟབ་ཆོས་མང་དུ་མནོས། བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན། རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་ཕྱི་ལོ ༡༧༧༢ ལོར་རྒྱུད་པའི་ཁྲིར་ཕེབས། དབུས་ཀྱི་སྨད་རྒྱུད་དང་མཐུན་པར་མཛད། ཁྲི་ཟུར་ཨུརྒེ་གྲྭ་ཚང་གི་ཁྲིར་བཞུགས། རབ་བྱུང་བཅུ་གསུམ་པའི་ས་ཕག་ཕྱི་ལོ ༡༧༧༩ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲིར་བྱོན། གདན་ས་ལོ་བཞིའི་རིང་བསྐྱངས། འཆད་ཉན་དང་། གཏོང་སྒོ་ལ་ཐུགས་ཁུར་མཛད། ཁྲི་ཟུར་རྗེས་ཀྱང་དོན་གཉེར་ཅན་ལ་ཆོས་འཆད་པ་དང་། ནད་པ་རྣམས་ལ་གཅོད་ཀྱིས་བར་ཆད་སེལ་བར་མཛད། རབ་བྱུང་བཅུ་གསུམ་པའི་ས་བྱ་ཕྱི་ལོ ༡༧༨༧ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤི་འཁྱིལ་གྱི་གདན་རབས་བཅུ་བདུན་པ་ཡིན།

{{#arraymap:བསོད་ནམས་གྲགས་པ་

|; |@@@ | | }}