43988

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསོད་ནམས་མཆོག་གྲུབ་གྲགས་བཟང་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ས་ཡོས་ཕྱི་ལོ ༡༣༩༩ ལོར་ཤབ་དགེ་ལྡན་ལྡིངས་ཀྱི་སའི་ཆར་ཞུར་གྱི་རིགས་སུ་འཁྲུངས། གཞོན་དུས་ནས་མཁན་ཆེན་གྲུབ་པ་ཤེས་རབ་དང་། སློབ་དཔོན་ཆོས་ལྡན་སྐལ་བ་བཟང་པོ་གཉིས་སོགས་ལས་རབ་ཏུ་བྱུང་། མཚན་ལ་བསོད་ནམས་མཆོག་གྲུབ་གྲགས་བཟང་ཞེས་གསོལ། ཉི་ཤུ་པར་མཁན་ཆེན་གྲུབ་པ་ཤེས་རབ་ལས་བསྙེན་པར་རྫོགས། མཁན་སློབ་དེ་གཉིས་ལས་བཀའ་གདམས་ཀྱི་ཆོས་སྐོར་གསན། དཀའ་བཅུ་པ་དར་བཟང་དང་། གྲུབ་ཆེན་བསོད་བློ་བ། སྣར་ཐང་པ་ཤེས་རབ་སེང་གེ རྗེ་ཙོང་ཁ་པ་ཆེན་པོ། འདུལ་འཛིན་གྲགས་པ་རྒྱལ་མཚན། མཁས་གྲུབ་ཆོས་རྗེ། སྤྱན་སྔ་ཉེར་གཉིས་རིན་པོ་ཆེ། གཙང་པ་བློ་བཟང་པ་སོགས་བླ་མ་མང་དུ་བསྟེན། མདོ་རྒྱུད་ཀུན་ནང་བྱན་ཆུབ་མཛད། སྣར་ཐང་གདན་ས་ལོ་བཅུ་དྲུག་རིང་བསྐྱངས། དབུས་ཀྱི་དཔལ་ཕག་མོ་གྲུབ་པའི་ཆོས་སྒོར་བཞུགས། གོང་མ་ཕག་གྲུའི་བླ་མ་མཛད། བསྟན་བཅོས་ཀྱི་རྩོམ་པའང་མང་དུ་མཛད། རབ་བྱུང་བརྒྱད་པའི་ཆུ་སྤྲེལ་ཕྱི་ལོ ༡༤༥༢ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཆོས་རྗེ་ནམ་མཁའ་བློ་གྲོས་དང་། ཆོས་རྗེ་དོན་གྲུབ་དཔལ། ཆོས་རྗེ་ལོ་ཆེན། ཆོས་ཆེ་འདུས་པ་བ། ཆོས་རྗེ་དགེ་འཕེལ་བཅས་ཡིན། དཔལ་སྣར་ཐང་དགོན་པའི་གདན་རབས་བཅོ་ལྔ་པ་ཡིན།

{{#arraymap:བསོད་ནམས་མཆོག་གྲུབ་གྲགས་བཟང་

|; |@@@ | | }}