44235

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐྱེད་རིམ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག གསང་སྔགས་ཀྱི་ལམ་ལ་སློབ་སྐབས་ཐ་མལ་གྱི་མངོན་ཞེན་ཟློག་པར་བྱེད་པའི་ཐབས་ལམ་ཞིག་སྟེ། འདིའི་དོན་འོད་གསལ་སྙིང་པོ་ལས། གཉིས་པ་གསང་སྔགས་བླ་མེད་ཀྱི་ལམ་བྱེ་བྲག་ཏུ་བཤད་པ་ལ། ངོ་བོའི་ཆ་ནས་བསྐྱེད་རྫོགས་གཉིས་སུ་བཤད་པ། ཉམས་སུ་ལེན་ཚུལ་གྱི་སྒོ་ནས་ཐབས་གྲོལ་གཉིས་སུ་བཤད་པའོ། །དང་པོ་བསྐྱེད་རྫོགས་གཉིས་ལས། དང་པོ་ནི། རང་བཞིན་གཞི་རྒྱུད་ཀྱི་དོན་ངེས་པའི་ལྟ་བ་དང་རྗེས་སུ་མཐུན་པར་སྣང་སྲིད་དག་མཉམ་གྱི་ཚུལ་ལ་བློས་བཅོས་ཤིང་གོམས་པའི་ཚུལ་གྱིས་འཇུག་པ་སྟེ། དེ་ལ་བསྐྱེད་པའི་རིམ་པའམ། ལུང་གཞན་ལས་རྗེས་སུ་དཔག་པའི་རྣལ་འབྱོར་ཞེས་ཀྱང་བྱ། བཅོས་མའི་ལམ་ཞེས་ཀྱང་བྱའོ། །ཞེས་གསུངས།
Domain ཆོས་ལུགས།
Synonyms བསྐྱེད་པའི་རིམ་པ། རྗེས་སུ་དཔག་པའི་རྣལ་འབྱོར། བཅོས་མའི་ལམ།

{{#arraymap:བསྐྱེད་རིམ་

|; |@@@ | | }}

བསྐྱེད་རིམ་ (2)
Part of speech མིང་ཚིག
Definition ཐོག་མར་བུམ་པའི་དབང་བསྐུར་བའི་ཚེ་ཕུང་པོ་ལྔ་རིགས་ལྔ། ཁམས་ལྔ་ལྷ་མོ་ལྔ་དང། སྐྱེེེ་མཆེད་དྲུག་བྱང་ཆུབ་སེམས་དཔའ་དང། ཡུལ་དྲུག་ལྷ་མོ་དྲུག་དང། ལྷ་ཚོགས་ཁྲོ་བོ་དང་ཁྲོ་མོར་ངོ་སྤྲོད་ནས། རྡོ་རྗེ་སློབ་དཔོན་དེ་དག་འདུས་པའི་བདག་ཉིད་ཅན་གྱིས། དེ་རྣམས་ཚང་བའི་ལྷ་མདུན་དུ་དམིགས་ཏེ། བུམ་པ་དང་ཅོད་པན་ལ་སོགས་པས་དབང་རིམ་གྱིས་བསྐུར་བས། རིན་པོ་ཆེའི་ཁུངས་སུ་སྒྲོན་མེ་བྱུང་བ་ལྟར། སློབ་མའི་ཕུང་ཁམས་སྐྱེ་མཆེད་ལྷ་དེ་དང་དེར་གསལ་བར་ཤེས་ཤིང། སྒྲུབ་ནུས་ཀྱི་ས་བོན་བཟང་པོ་བཏབ་སྟེ་དེའི་རྒྱུ་མཚན་ཉམས་སུ་ལེན་པའི་བསྐྱེད་རིམ་གྱི་ལམ་ཡིན་ནོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །བླ་མེད་ལ་བསྐྱེད་རིམ་ནི་ལྷའི་རྣམ་པས་བྱིན་གྱིས་བརླབ་པ་ཡིན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །

{{#arraymap:བསྐྱེད་རིམ་

|; |@@@ | | }}

བསྐྱེད་རིམ་ (3)
Part of speech མིང་ཚིག
Definition རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག བསྐྱེད་རིམ་རྟོག་བཅས་ཉིད་ཀྱི་ཕྱིར་རྗེས་དཔག་གི་རིམ་པ་དང་། དེའི་མཚན་ཉིད་དམ་ཁྱད་ཆོས་ནི། ཆོ་གའི་ཁྱད་པར་རྒྱུད་ལས་གསུངས་པའི་སྐྱེད་ཆོག་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་སྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེ་དང་སྟོང་ཉིད་ཀྱི་རང་བཞིན། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ་སྟེ། ཁྱད་པར་བཞི་དང་ལྡན་པའི་ལྷ་སྐུ་རྣམ་པར་རྟོག་པའི་བརྟགས་པ་ནི། བསྐྱེད་རིམ་གྱི་རྣལ་འབྱོར་ཡིན་ལ།

{{#arraymap:བསྐྱེད་རིམ་

|; |@@@ | | }}

བསྐྱེད་རིམ་ (4)
Part of speech མིང་ཚིག
Definition རྣལ་འབྱོར་བླ་མེད་རྒྱུད། སྦྱང་བྱ་གཞི་དུས་ཀྱི་སྐྱེ་འཆི་བར་དོ་གསུམ་པོ་སྦྱོང་བྱེད་སྐུ་གསུམ་གྱི་ལམ་ཁྱེར་བསྒོམས་པའི་སྟོབས་ཀྱིས་སྒོ་གསུམ་གྱི་སྣང་ཞེན་ལས་ལྡོག་པའི་གསང་སྔགས་ཀྱི་ལམ་ཞིག

{{#arraymap:བསྐྱེད་རིམ་

|; |@@@ | | }}

བསྐྱེད་རིམ་ (5)
Part of speech མིང་ཚིག
Definition སྐྱེ་གནས་རྣམ་བཞིའི་བག་ཆགས་སྦྱོང་བྱེད་ཐ་མལ་གྱི་སྣང་གྲག་རིག་གསུམ་དེ་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་དུ་སྒོམ་པའི་རྣལ་འབྱོར།

{{#arraymap:བསྐྱེད་རིམ་

|; |@@@ | | }}