44318

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒོམ་པ་ཐོབ་པ་ལས་གང་ཟག་རྣམ་པར་གཞག་པ་གསུམ་ (1)
Part of speech མིང་ཚིག
Definition ༡ གང་ཟག་གང་ནང་གི་སེམས་ཀྱི་ཞི་གནས་ཐོབ་ལ། ཆོས་ལ་རྣམ་པར་ལྟ་བའི་ལྷག་པའི་ཤེས་རབ་མ་ཐོབ་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། ། ༢ གང་ཟག་གང་ཆོས་ལ་རྣམ་པར་ལྟ་བའི་ལྷག་པའི་ཤེས་རབ་ཐོབ་ལ་ནང་གི་སེམས་ཀྱི་ཞི་གནས་མ་ཐོབ་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། ། ༣ གང་ཟག་གང་གཉི་ག་ཐོབ་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:བསྒོམ་པ་ཐོབ་པ་ལས་གང་ཟག་རྣམ་པར་གཞག་པ་གསུམ་

|; |@@@ | | }}

བསྒོམ་པ་ཐོབ་པ་ལས་གང་ཟག་རྣམ་པར་གཞག་པ་གསུམ་ (2)
Part of speech མིང་ཚིག
Definition ༡ རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཐོབ་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། ། ༢ རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཐོབ་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། ། ༣ རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་ཐོབ་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་མཆོག་ཡིན་ནོ། །

{{#arraymap:བསྒོམ་པ་ཐོབ་པ་ལས་གང་ཟག་རྣམ་པར་གཞག་པ་གསུམ་

|; |@@@ | | }}