44731

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་པའི་རྒྱལ་ཐེབས་སློབ་མ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་སྐབས་ཀྱི་མཚན་ལྡན་གྲོགས་སུ་བསྙེན་བྱ་སྟེ། མཚན་ལྡན་གྲོགས་ལ་བསྙེན་ཞེས་བྱ་བ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་སློབ་མ་དང་གྲོགས་བཙལ་ཅིང་བསྟེན་པའི་དོན་ཏེ། དཔལ་གསང་འདུས་དོན་གྱི་རྒྱུད་ལས། སྟོབས་ལྡན་བློ་གསལ་དད་པ་ཆེ། བསྟན་པའི་རྒྱལ་ཐེབས་སློབ་མ་སྟེ། ཞེས་གསུངས་པས། དེ་ཡང་མདོ་སྔགས་ཕྱི་ནང་གི་བོན་ལ་ཐོས་བསམ་སྒོམ་པས་བརྩོན་པར་ལུས་ངག་ཡིད་སོགས་སྟོབས་དང་ལྡན་ཞིང་། བློ་རིག་གསལ་ལ་དད་པ་ཆེ་བ་སློབ་དཔོན་དམ་པའི་མཛད་སྲོལ་སྐྱོང་ནུས་པའི་དོན་གཉེར་ཅན་གྱི་སློབ་མ་ལ་བྱའོ། །དེ་ལ་ཡང་སྟོབས་དང་ལྡན་པ་ནི། ལུས་སྟོབས་དང་ལྡན་པ་ཐོས་བསམ་བརྩོན་པར་དཀའ་སྤྱད་ནུས་པ། ངག་སྟོབས་དང་ལྡན་པ་ཡི་དམ་སོགས་ཀྱི་སྙིང་པོ་བཟླས་བརྗོད་ནུས་པ། ཡིད་སྟོབས་དང་ལྡན་པ་གནས་ལུགས་སོགས་ཀྱི་དོན་ལ་བསམ་སྒོམ་ནུས་པའོ། །མདོར་ན་མ་ནུས་སྦུང་ཆུང་དུ་གྱུར་པ་མ་ཡིན་པ་མི་མཐུན་ཕྱོགས་ཟིལ་གྱིས་གནོན་པའི་སྟོབས་དང་ལྡན་པའོ། ། བློ་གསལ་བ་ནི། དང་པོ་ཚིག་དོན་འཛིན་པའི་བློ་དང༌ལྡན་པ་གར་སྦྱིན་ལ་སྦྲང་བུ་ཆགས་པ་ལྟ་བུ། བར་དུ་དེ་ཉིད་བསམ་པའི་བློ་དང༌ལྡན་པ་ས་རྡོ་སོགས་ཀྱི་རྡུལ་ལས་གསེར་འཚོལ་བ་ལྟ་བུ། ཐ་མར་དེ་ཉིད་རྟོགས་པའི་བློ་དང་ལྡན་པ་ས་རྡོ་སོགས་ཀྱི་རྡུལ་ལས་གསེར་རྙེད་པ་ལྟ་བུའོ། །དད་པ་ཆེ་བ་ནི། གསང་སྔགས་ཀྱི་བོན་སོགས་ལ་དྭངས་པའི་དད་པ་ནོར་བུ་ཆུར་བཅུག་པ་ལྟ་བུ་སྤྲོ་ཞིང་དྭངས་པ་དང༌། མོས་པའི་དད་པ་མ་ཕྱི་ན་བུ་འབྲང་བ་ལྟ་བུ་མོས་པ་གཏིང་ནས་ཆུད་པ་དང༌། ཡིད་ཆེས་པའི་དད་པ་མགྲོན་པོས་རང་ཡུལ་མཐོང་བ་ལྟ་བུ་འགྱུར་ལྡོག་མེད་པའོ། །
Domain ཆོས་ལུགས།

{{#arraymap:བསྟན་པའི་རྒྱལ་ཐེབས་སློབ་མ་

|; |@@@ | | }}