44787

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་དང་པོ་སྐུ་ཕྲེང་གསུམ་པ་མི་ཕམ་གྲུབ་མཆོག་ཉི་མ་ (1)
Part of speech མིང་ཚིག
Definition བསྟན་འཕེལ་སྐུ་ཕྲེང་གསུམ་པ་མི་ཕམ་གྲུབ་མཆོག་ཉི་མ་མཆོག་ནི། ལྕགས་མོ་ལྕགས་ཚ་ལྕགས་མདུད་གསུམ། མགོ་ནག་མི་ཡི་སྐྱེ་བརྒྱུད་ཡིན་ཞེས། རུས་ཆེན་གྱི་རྒྱུད་མགོ་ལོག་ལྕགས་མོ་ཚང་སར་སྐུ་འཁྲུངས། དེ་ཡང་སི་ཏུ་ཆོས་འབྱུང་རང་རྣམ་ལས། ལྕགས་མོ་ཞེས་པ་རུས་མིང་ཡིན་ཞིང་། རུས་ཆེན་སྡེ་བཞིར་གྲགས་པའི་ཐར་པའི་ནང་ཚན་བྱས་པ་ཅན་གྱི་འབྲུ། དེ་ལའང་མི་འགྱུར་ཐར་པའི་གནས་བརྒྱད་སོགས་དབྱེར་བའི་ལྕགས་མོ་ཞེས་པ་དེ་ཡིན་ཞིང་། སི་ཏུ་ཆོས་འབྱུང་དང་རུས་གཅིག་གོ། ཁམས་སྤྲུལ་བཞི་པ་པཎ་ཆེན་ཆོས་ཉི་མས་ངོས་འཛིན་གནང་ཞིང༌། ས་སྦྲུལ ༡༧༤༩ ལོར་ཁམས་སྤྲུལ་བཞི་པ་བསྟན་འཕེལ་དགོན་དུ་ཕེབས་སྐབས། དོན་བརྒྱུད་འབྲུག་པའི་གདམ་ཟབ་རྣམས་གསན་བཞེས་གནང་། གཞན་ཡང་སི་ཏུ་ཆོས་འབྱུང་ལས། མ་ནི་བཀའ་འབུམ་དང་། ཆོས་དྲུག ཕྱག་ཆེན་ངེས་དོན་རྒྱ་མཚོ། ཀུན་རིག། གྲུབ་རྒྱལ་ཚེ་དབང་སོགས་དང་། སི་ཏུ་བསྟན་འཕེལ་དགོན་དུ་ཕེབས་སྐབས། ཀུ་རུ་ཀུ་ལེ་དང་། སྨན་བླའི་རྗེས་གནང་རྩ་རྒྱུད་ཀྱི་ལུང་སོགས་གསན། སྐུ་རབས་འདིའི་དུས་སུ་འདུས་པ་ཆིག་བརྒྱ་བདུན་ཅུ་ཙམ་ཡོད་ཅིང་རབ་བྱུང་འདི་སྐབས་འཕེལ་ཆེ་བར་གྲགས། མདོར་ན་ཁམས་སྤྲུལ་བཞི་པ་དང་། སི་ཏུ་ཆོས་འབྱུང་གཉིས་ཐུན་མིན་གྱི་བླ་མར་བསྟེན་ནས། སྒྲུབ་བརྒྱུད་ཀྱི་བསྟན་པ་འཁོར་ལོ་གསུམ་གྱི་མཛད་འཕྲིན་དར་ཞིང་རྒྱས་པ་བྱུང་། གླིང་རྒྱལ་པོའི་དབུ་བླར་གྱུར། མཚན་སྙན་ཤིན་ཏུ་ཆེ་བར་བརྟེན། དེ་ཕྱིན་སྐུ་ཕྲེང་རིམ་བྱོན་ལ་ལྕགས་མོ་སྤྲུལ་སྐུ་ཞེས་གྲགས་སོ། །

{{#arraymap:བསྟན་འཕེལ་ཁྲི་འཛིན་དང་པོ་སྐུ་ཕྲེང་གསུམ་པ་མི་ཕམ་གྲུབ་མཆོག་ཉི་མ་

|; |@@@ | | }}