44793

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་དྲུག་པ་རིག་སྤྲུལ་གཉིས་པ་སངས་རྒྱས་བསྟན་འཛིན་ (1)
Part of speech མིང་ཚིག
Definition རིག་འཛིན་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ། འཁྲུངས་ཡུལ་རྫ་རྒྱུད་སྡེ་དགེ་རྫོང་ཟོག་པ་གྲོང། ཟོག་པ་སྟོང་ས་འབྲུག་ཐར་ཚང་སར་སྐུ་འཁྲུངས། ཨ་འཛོམ་འབྲུག་པ་རིན་པོ་ཆེས་ངོས་འཛིན་གནང་། འབྲི་ཀློག་དཀྱིལ་ཆོག་སོགས་ལེགས་པར་མཁྱེན། གཞུང་རིག་གནས་སོགས་ལ་མཁྱེན་རྒྱ་ཆེ་ཞིང་། མཆོག་བཟོ་དང་། སྨན་རྩིས་སོགས་ལ་མཁས་པར་གླེང་། གཞན་ཡང་ཆོ་ག་སོགས་འབུད་དཀྲོལ་རྡུང་གསུམ། གར་ཐིག་དབྱངས་སོགས་མཐོང་རྒྱུན་བཞིན་གནང་ཞིང་གོང་མའི་བཀའ་ལུང་བཞིན་གསུང་ཚངས་དབྱངས་སྙན་འཇེབས་ལྡན་པ། སྐུ་མཛེས་བྱད་ལྡན་ཞིང་ཀུན་གྱི་ཡིད་དབང་འཕྲོག་ཅིང་དད་སྤྲོ་འཕེལ་བ་ཡོད། ཨ་འཛོམ་འབྲུག་པ་ལས་རྫོགས་ཆེན་གསན། རང་ལུགས་བཀའ་སྲོལ་ངག་འབྱུང་སྤྲུལ་སྐུ་དང་ལྕགས་མོ་སྤྲུལ་སྐུ་རྒྱལ་སྲས་འཕྲིན་ལས་རྣམ་རྒྱལ་ལས་འཐུས་ཚང་གསན། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་གནང་། རྒྱ་དམར་གྱི་དུས་འགྱུར་བྱུང་སྐབས་སུ། སྐུ་སྲོག་ལ་ཐུག་ཀྱང་དཀོན་མཆོག་མི་སྤང་གསུངས་གནང་ནས། ཁྲིམས་ཁང་དུ་ལོ་མང་བཞུགས་དགོས་བྱུང་ཡོད། རྗེས་གློད་བཀྲོལ་ཐོབ། དགུང་གྲངས་དྲུག་ཅུ་ཐོག་ལ་རང་དགོན་དུ་འབྱོར། དེ་ནས་དབེན་རི་གཡའ་མ་ལུང་དུ་རབ་བྱུང་བཅུ་དྲུག་པའི་ས་རྟ་ཕྱི་ལོ་ ༡༩༧༨ དགུང་གྲངས་རེ་བཞི་ལ་ཆོས་དབྱིངས་མཛོད་ཞལ་འདོན་མཛད་བཞིན། དགོང་པ་མནལ། སྐུ་གདུང་རིན་པོ་ཆེ་དགོན་ནང་དུ་གདན་ཞུ་བྱས། མཛད་རིམ་གྱི་མཆོད་འབུལ་སོགས་མཛད་སྐབས། སྐུ་གདུང་གཡའ་མ་ལུང་དུ། ཞལ་རང་འཁོར་གྱུར་པ་སོགས། ངོ་མཚར་ཁྱད་ཆོས་ལྡན་པའི་རྟགས་མཚན་སོགས་དད་ལྡན་རྣམས་ལ་རྣམ་དཀར་འཕེལ་བའི་གསོས་སུ་གྱུར།

{{#arraymap:བསྟན་འཕེལ་ཁྲི་འཛིན་དྲུག་པ་རིག་སྤྲུལ་གཉིས་པ་སངས་རྒྱས་བསྟན་འཛིན་

|; |@@@ | | }}