44794

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་དྲུག་པ་རིག་སྤྲུལ་གསུམ་པ་མི་ཕམ་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རིག་འཛིན་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་མི་ཕམ་བསྟན་པའི་རྒྱལ་མཚན་མཆོག་ནི། འཁྲུངས་ཡུལ་སྔོན་དུས་གླིང་ཚང་ལྷ་སྡེ་དང་། དེང་སྡེ་དགེ་རྫོང་། ནགས་མདོ་གྲོང་རྡལ་ནས་ཡིན་ཞིང་། རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ ༡༩༨༣ ལ་སྐུ་འཁྲུངས། ༡༩༩༢ ལོའི་ཟླ ༤ པའི་ཚེས ༡༡ ལ་ཚབ་ཚ་སྒྲུབ་རྒན་སྐུ་ཕྲེང་བརྒྱད་པ་ཀརྨ་སེངྒེ་དང་། ས་སྐྱ་གོང་མ་ནས་ངོས་འཛིན་བཀའ་ཤོག་གནང་བའི་ནང་། རིག་འཛིན་སྤྲུལ་སྐུའི་ཡང་སྲིད། ཡབ་འགྱུར་མེད་ཐུབ་བརྟན་དང་། ཡུམ་བདེ་དགའ་གཉིས་ཀྱི་བུ་ཕག་ལོ་པ་དེ་བཞིན་ངོས་འཛིན་བགྱིས་ན་བཟང་། ཞེས་ཞལ་གསལ་ཅན་གསུངས། ཀུན་བཟང་རིག་འཛིན་ནས་ཀློག་བསླབས། གླིང་ཆུ་ངོགས་པད་དཀར་སྐྱེ་སྲིད་བརྒྱད་པས་མཚན་མི་ཕམ་བསྟན་པའི་རྒྱལ་མཚན་གསོལ། དགོན་འདིའི་སྤྲུལ་སྐུ་ན་ཆུང་བ་རྣམས་ལ་མཚན་ཕལ་ཆེར་ཆུ་ངོགས་པད་དཀར་ནས་གནང་། ནང་ཆེན་གྲུབ་མཆོག་ཨ་ལྡེའུ་རིན་པོ་ཆེའི་མདུན་ནས། དཔལ་ལྡན་འབྲུག་པའི་ཆོས་སྐོར་སྒྲུབ་ཐབས་རྒྱ་མཚོ་དང་སྒྲུབ་སྐོར་ལྔ་སོགས་ཀྱི་སྨིན་དབང་ཟབ་མོ་རྣམས་གསན། རབ་བྱུང་གི་སྡོམ་པ་བཞེས། གཞན་ཡང་འབྲུག་པ་བསོད་ནམས་དགེ་བ་ལས་འབྲུག་པད་དཀར་བཀའ་འབུམ་ཆ་ཚང་ལྗགས་ལུང་མནོས། མདོར་ན་ཟླ་བ་གསུམ་ཙམ་རིང་དབང་ལུང་ཆེ་ཕྲ་རིགས། མ་ཐོབ་པ་མེད་པར་གསན་གནང་མཛད། གཞན་ཡང་ཁྲོམ་ཡ་ཆེན་གྲུབ་དབང་ལུང་རྟོགས་རྒྱལ་མཚན་ནམ། མཁན་ཨ་ཆོས་སྒར་དུ་སྔོན་འགྲོ་བསགས་སྦྱངས་གནང་། སྔོན་འགྲོ་ཀུན་བཟང་ཞལ་ལུང་ཁྲིད་རྒྱུགས་ཕུལ་བས། ཐུགས་རིགས་ལེགས་པའི་བསྔགས་བརྗོད་ཐོབ། སིབ་མདའ་སྤྲུལ་སྐུ་ཨུ་རྒྱན་བསྟན་འཛིན་མདུན་ནས་རིན་ཆེན་གཏེར་མཛོད་ཀྱི་སྨིན་དབང་ཆ་ཚང་མནོས། ཆུ་ངོགས་པད་དཀར་སྐྱེ་སྤྲུལ་བརྒྱད་པའི་མདུན་ནས། འབྲུག་ལུགས་འཕོ་བ་ཧཱུྃ་དམར་མ་གསན། གཞན་ཚབ་ཚ་སྒྲུབ་སྤྲུལ་བརྒྱད་པ་ཀརྨ་སེངྒེའི་མདུན་ནས། བསྟན་འགྱུར་ཆེན་མོའི་ལྗགས་ལུང་གསན་ཞིང་དེ་སྐབས་ལུང་ཕྲན་ཚེགས་སྐོར་མང་ཙམ་ཐོབ་པར་མཛད། བསྟན་འཕེལ་རང་དགོན་དུ་མཆོད་རྟེན་ཆེ་བ་ཉམས་གསོ་གསར་བཞེངས་ལེགས་གྲུབ་མཛད་ནས། བསྟན་དགོན་ལ་ཉིད་ཀྱི་གང་ནུས་ཀྱིས་མཛད་བཟང་གནང་ནས་ཞབས་པད་བརྟན་བཞིན་པའོ། །

{{#arraymap:བསྟན་འཕེལ་ཁྲི་འཛིན་དྲུག་པ་རིག་སྤྲུལ་གསུམ་པ་མི་ཕམ་བསྟན་པའི་རྒྱལ་མཚན་

|; |@@@ | | }}