44796

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་བདུན་པ་ཐུགས་སྤྲུལ་གསུམ་པ་མི་ཕམ་སྒྲུབ་བརྒྱུད་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཐུགས་མཆོག་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་མི་ཕམ་བཤད་སྒྲུབ་རྒྱ་མཆོ་མཆོག་ནི། འཁྲུངས་ཡུལ་རྫ་སྨད་དཀར་པོ་སྤོབས་གདིང་ཚང་སར། ས་སྐྱ་གོང་མ་རིན་པོ་ཆེ་ནས་ ༡༩༩༢ ཟླ་ ༤ ཚེས་ ༡༡ ལ་འཁྲུལ་བྲལ་ངོས་འཛིན་བཀའ་ཤོག་གནང་བའི་ནང་། ཐུགས་མཆོག་ཡང་སྲིད། ཡབ་ཀུན་བཟང་བཀྲ་ཤིས་དང་། ཡུམ་དབང་ཆེན་ལྷ་མོའི་བུ་སྟག་ལོ་པ་དེ་བཞིན་ངོས་འཛིན་བགྱིས་ན་བཟང་ཞེས་ཞལ་གསལ་གནང་། ཀློག་སློབ་ཀུན་བཟང་ཚེ་དཔག་ལས་འབྲི་ཀློག་བསླབས། ནང་ཆེན་གྲུབ་མཆོག་ཨ་ལྡེའུ་རིན་པོ་ཆེའི་མདུན་ནས་དཔལ་ལྡན་འབྲུག་པའི་སྒྲུབ་ཐབས་རྒྱ་མཚོ། སྒྲུབ་ཐབས་སྐོར་ལྔ་སོགས་སྨིན་གྲོལ་རྣམས་གསན་བཞེས་གནང་། གཞན་ཡང་སྤྲུལ་སྐུ་བསོད་ནམས་དགེ་ལས། པད་དཀར་བཀའ་འབུམ་ཆ་ཚང་དང་ཕྲན་ཚེགས་རིགས་དུ་མ་མནོས། །འདི་སྐབས་ཨ་ལྡེའུའི་མདུན་ནས་རབ་འབྱུང་ཞུས། གསེར་རྟ་ལྔ་རིག་སློབ་གླིང་དུ་མཁན་འཇིགས་མེད་ཕུན་ཚོགས་དང་། མཁན་འཆི་མེད་གཙོ་བོར་བསྟེན་ནས། གསན་བསམ་གནང་སྟེ་སྐུ་འཚོ་བཞིན་བཞུགས་ཡོད།

{{#arraymap:བསྟན་འཕེལ་ཁྲི་འཛིན་བདུན་པ་ཐུགས་སྤྲུལ་གསུམ་པ་མི་ཕམ་སྒྲུབ་བརྒྱུད་རྒྱ་མཚོ་

|; |@@@ | | }}