44797

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་བཞི་པ་འགྱུར་སྤྲུལ་གཉིས་པ་མཐུ་སྟོབས་ནུས་ལྡན་འགྱུར་མེད་ (1)
Part of speech མིང་ཚིག
Definition འགྱུར་སྤྲུལ་གཉིས་པ་འགྱུར་མེད་གནམ་ལྕགས་རྡོ་རྗེའི་འཁྲུངས་ཡུལ་ནི་སྡེ་དགེའི་ལྷོ་ཕྱོགས་ཡིན་ཞིང་། སྐུ་ན་ཆུང་སྐབས་ནས་དམ་པའི་རང་གཤིས་ཀྱི་ཡོན་ཏན་ལྡན་ཞིང་། དཔལ་སྤུངས་སི་ཏུ་པདྨ་ཉིན་བྱེད། འཇམ་དབྱངས་མཁྱེན་བརྩེ་དབང་པོ། རྫོགས་ཆེན་རིན་པོ་ཆེ། གཞན་ཡང་རྡོ་རྗེ་དྲག་པོ་རྩལ་དང་ཚབ་ཚ་སྒྲུབ་རྒན་དྲུག་པ་བསྟན་པ་རབ་རྒྱལ་རྣམ་གཉིས་སོགས། བླ་མར་བསྟེན་པ་ཚབ་སྤྲུལ་དྲུག་པའི་རང་རྣམ་ཚིགས་བཅད་མར་གསལ། གཞན་ཡང་རྣམ་གཉིས་ཉམས་སྣང་གི་དྲི་བ་སྐོར་སོགས་ཚབ་ཚ་སྒྲུབ་རྒན་དྲུག་པའི་རང་རྣམ་ལས། སྒྲུབ་སྤྲུལ་དགུང་གྲངས་ཞེ་དགུ་རབ་བྱུང་བཅུ་བཞི་མེ་མོ་བྱ་ ༡༨༣༧ བོད་ཟླ་དགུ་པའི་ཚེས་བཅུ་གསུམ་སྔ་ཐུན། ཉམས་དང་གཉུག་མ་རབ་རིབ་ལ། །ང་ཡི་ཆོས་གྲོགས་རིག་འཛིན་དེ། །ནམ་མཁའ་ཁྱུང་རྫོང་བྲག་དཀྱིལ་ན། །ལུས་དྲང་པོར་བསྲངས་ནས་བཞུགས་འདུག་པ། །ཞིབ་ཏུ་བལྟས་ཚེ། སྐུ་ལུས་ཕྱི་ནང་མི་སྒྲིབ་པ་ཤེལ་བུམ་འདྲ་བ། སྐུ་ལུས་ལ་ཡིག་དྲུག་སོགས་འབྲི་ཚུགས་ཁྲ་ལམ་མེ་བ། མཐའ་ནས་མར་མེ་ཤིན་ཏུ་གསལ་བ་བརྒྱ་རྩས་བསྐོར་བ། དེའི་མཐར་ལྷ་འདྲེ་མི་གསུམ་འགྲོ་བ་མང་པོས་བསྐོར་བ་མཐོང་སྣང་བྱུང་འདུག། གཞན་ཡང་ཚབ་སྤྲུལ་དྲུག་པ་ལ་ཟླ་བ་བདུན་པའི་ཚེས་ཉེར་ལྔ་ལ་ཤ་ཟ་ཌཱ་ཀི་ཞིག་གིས་ཆོས་གྲོགས་སར་ཡུལ་སྤྱིའི་ལུང་། ལུག་ལོ་ནས་ཡོད་པ་ལོངས་ཟེར་བ་བཞིན། ཞུ་རྒྱ་ཕུལ་བ་ལ་མཁའ་འགྲོའི་བརྡ་ཡིག་དང་། ལུང་བསྟན་ཚིགས་བཅད་ཅན་ཡིན་ཞེས་གཏེར་ཚེག་བྱས་པ་ཞིག་འདུག། ལུང་བསྟན་ས་བཅུ་མ་དང་མཁའ་འགྲོ་བརྡ་ཡིག་བཅས་དེ་གཉིས་ལས། ད་ལྟའི་ཚབ་སྤྲུལ་བརྒྱད་པ་ཉིད་ཀྱིས། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས། ཚབ་སྤྲུལ་སྐུ་ཕྲེང་གསུམ་པ་ལ་གནང་བའི་སྒྲོན་ཞྭ། རྒྱ་དམར་གྱི་དུས་འགྱུར་སྐབས། རྩ་མེད་དུ་སོང་བར་ཉམས་གསོ་རྟེན་འབྲེལ་ཆེད་སོར་བྱེད་པའི་ཕྱོགས་དང་ཡུལ་མཁར་གསལ་པོར་ལུང་བསྟན་པ་འབྱུང་བ་དེ་ཉིད། ཚབ་ཚ་སྒྲུབ་རྒན་གྱི་རྣམ་ཐར་དུ་བཀོད་པ་ལས་རྒྱས་པར་ཤེས་སོ། །མདོར་ན་སྒྲུབ་ཚུགས་དང་སྤངས་རྟོགས་ཡོན་ཏན་སྒྲུབ་བརྒྱུད་གོང་མ་བཞིན་རྣམ་དབྱེར་མེད་པ་བསྙོན་མེད་ལོ་རྒྱུས་ཁུངས་ལྡན་འདུག་གོ ། སྤྱི་རིམ་འཚོགས་སྐབས་ཞིག་གློ་བུར་དུ་སྤྲིན་འཁྲུགས་ནས། ཐོག་འཕང་པ་ན་ཉིད་ཀྱིས་ནབ་གཟན་སྟེང་དུ་འཁྱིལ་བཅུག་ནས་གནོད་པ་མེད་པར་མཛད། རེ་འགའ་གནམ་ལྕགས་རྡོ་རྗེ་མཇལ་བ་སོགས་སྒྱུ་འཕྲུལ་དུ་མ་མཛད་པར་གྲགས། འདས་ལོག་གྲངས་མང་བྱོན་ཞིང་། སྟོན་སྤྲུལ་དང་འགྱུར་སྤྲུལ་རྣམ་གཉིས་དག་སྣང་དཔལ་རིར་ཕེབས་པའི་དག་གཟིགས་ཐང་སྐུ་ཡང་ཡོད་དོ། །

{{#arraymap:བསྟན་འཕེལ་ཁྲི་འཛིན་བཞི་པ་འགྱུར་སྤྲུལ་གཉིས་པ་མཐུ་སྟོབས་ནུས་ལྡན་འགྱུར་མེད་

|; |@@@ | | }}