44808

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་ལྔ་པ་སྟོན་སྤྲུལ་དྲུག་པ་གཞོན་ནུ་བློ་གྲོས་ (1)
Part of speech མིང་ཚིག
Definition སྟོན་པ་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་འདིའི་འཁྲུངས་ཡུལ། རྫ་རྒྱུད་གཏེར་སྟོན་ཨ་གཤིས་དཔའ་བོའི་སྐུ་ཚ་རུ་འཁྲུངས། ཁམས་པ་བསྟན་པའི་ཉི་མ་བླ་མར་བསྟེན་ཞིང་། རབ་བྱུང་གི་སྡོམ་པ་བཞེས། རང་ལུགས་འབྲུག་པའི་སྨིན་དབང་སྒྲུབ་ཐབས་སྐོར་ལྔ། རིན་འབྱུང་བརྒྱ་རྩ། ཕྱག་ཆེན་ངེས་དོན་རྒྱ་མཚོ། ནྭ་རོ་ཆོས་དྲུག།ཞི་ཁྲོ་ངེས་དོན་སོགས་གསན་བསམ་ཉམས་བཞེས་གནང་། རྗེ་འདི་མགོ་ལོག་འབུག་པ་དཔོན་གྱི་མཆོད་གནས་གྱུར་ནས་ལོ་ཉེར་ལྔ་ལ་བཞུགས་པར་གླེང་། མཚོ་སྔོན་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པའི་མགོ་ལོག་ལོ་རྒྱུས་ནང་དུའང་གསལ། ཉིན་ཞིག་ཡུལ་ཕྱོགས་ཉེ་སྐོར་ལ་རོ་ལངས་ནས་ཁྲུས་བླ་དང་ཡོན་བདག་བཅས་རི་ལ་བྲོས། སྟོན་སྤྲུལ་དྲུག་པ་གདན་ཞུས་ངོར་མྱུར་ཕེབས་མཛད་ནས། རོ་ལངས་སྟེང་བཞུགས་ཏེ་གཅོད་གསུངས་ནས་བཏུལ། ཡུལ་ཕྱོགས་དེ་ལ་རོ་ལངས་གསུམ་བཏུལ་བར་གྲགས། གཞན་ཡང་ཐོག་ཆུ་སྦྲ་ཐོག་ཏུ་བྱུང་བར་གནོད་མེད་འཁྱིལ་བའི་གྲུབ་མཚན་མངོན་སུམ་བསྟན། གསང་ཡུམ་བཞེས་ན་སྐུ་ཚེ་རྒྱུན་རིང་བརྟན་པ་ཡིན་ཡང་ཡུམ་མ་བཞེས་པར་དབུ་སྐྲ་རིང་པོ་ཡོད་སྟབས། སྟོན་པ་རལ་པ་ཅན་པ་ཞུའོ། །མདོར་ན་མཛད་འཕྲིན་རྒྱས་ཤིང་གུ་དྲག་དང་དྲག་དམར་གྱི་སྒྲུབ་པ་ལ་མངའ་བརྙེས་ཤིང་། ཛོ་བསྐོལ་བ་སོགས་ནུས་ལྡན་གྱི་གྲགས་མཚན་ཡང་བྱུང་བར་བཤད། བསྟན་འཕེལ་དགོན་དུ་རྒྱུན་རིང་བཞུགས་སོ། །

{{#arraymap:བསྟན་འཕེལ་ཁྲི་འཛིན་ལྔ་པ་སྟོན་སྤྲུལ་དྲུག་པ་གཞོན་ནུ་བློ་གྲོས་

|; |@@@ | | }}