44809

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་ལྔ་པ་སྟོན་སྤྲུལ་བདུན་པ་ངེས་དོན་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition འདིའི་འཁྲུངས་ཡུལ། རྫ་རྒྱུད་གླིང་ཚང་རི་མགུལ་དུ། འདན་མ་ཚང་ཞེས་པའི་གླིང་ས་སྐྱོང་གི་ཕྱག་མཛོད་མཛད་པའི་ཡབ་སྤྲེལ་མཆོག་དང་། ཡུམ་ཚེ་ལྷ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་ཤིང་སྤྲེལ་ ༡༩༤༤ ལ་མཚན་དཔེ་བཞད། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནས་ངོས་འཛིན་གནང་། མཚན་ངེས་དོན་རྣམ་རྒྱལ་གསོལ། ཀློག་སློབ་རྨད་དགའ་ནས་འབྲི་ཀློག་བསླབས། ལྕགས་མོ་སྐུ་ཕྲེང་ལྔ་པས་བསྐྱེད་བསྲིངས་གནང་ཞིང་། དཔལ་ལྡན་འབྲུག་པའི་ཐུན་མིན་ཡི་དམ་བདེ་མཆོག ཕག་མོ། གུ་དྲག་ཀི་ལ་ཡ་སོགས་སྨིན་དབང་ཟབ་མོ་སྩལ། གཞན་ནཱ་རོ་ཆོས་དྲུག་ཁྲིད་ལུང་། རྗེས་གནང་ཉེར་ལྔ། དཀྱིལ་འཁོར་བཅུ་གསུམ། ཆོས་སྐྱོང་རིག་འདུས་ཉེར་ལྔ་སོགས་མཐའ་ཡས་པ་གསན། ཞེ་ཆེན་རབ་འབྱམས་མདུན་ནས་རིན་ཆེན་གཏེར་མཛོད་སྨིན་དབང་གསན། རྒྱ་དམར་གྱི་དུས་འགྱུར། དམངས་གཙོ་བཅོས་བསྒྱུར། ངོ་ལོག་ཞི་འཇམ། བཞི་རྒོལ་ལས་འགུལ། རིག་གནས་གསར་བརྗེ་ཟེར་བ་སོགས་བྱུང་ཞིང་། དེ་སྐབས་ལུགས་གཉིས་གང་ཐད་མི་གཞི་བརླིངས་ཤིང་། གོང་འོག་ཀུན་གྱིས་སྐྱོན་བརྗོད་དང་བྲལ་ཞིང་། ལུགས་གཉིས་ཀའི་ཐད་ནས་ནོར་འཛོལ་མ་ཤོར་བ་ནི་རྣམ་ཐར་མཆོག་གྱུར་གྱི་བདག་ཉིད་ཅན་ནོ། །སྐུ་གཙང་མཛེས་ཤིང་བཟོ་གནས་སོགས་ལ་མཁས་པས། ཀུན་གྱི་ཡིན་སྨོན་བྱེད་པའི་གནས་སུ་གྱུར། བསྟན་འཕེལ་དགོན་ལ་སྐུ་ཉིད་ཀྱི་ཕྱག་ལས་དང་ཐུགས་འགན་གནད་སྨིན་གྱི་བཀའ་དྲིན་མཛད། གཙོ་ཆེན་དབེན་རི་སོགས་ལ་སྒྲུབ་པ་ཁོ་ན་གནང་ཞིང་། རྒྱ་གར་བལ་ཡུལ་སོགས་ཐེངས་གསུམ་གནས་མཇལ་ཕེབས། སྐྱེས་ཆེན་དུ་མ་ལས་སྨིན་གྲོལ་གདམས་ཟབ་གསན། གཙོ་བོར་འཇམ་དཔལ་བློ་གྲོས་མདུན་ནས་རྫོགས་ཆེན་དང་། ས་སྐྱ་གོང་མ་ལས་སྒྲུབ་ཐབས་ཀུན་འདུས་ཀྱི་དབང་། ཁམས་པ་རྟོགས་ལྡན་ཨ་འཇམ་ལས་ཕྱག་ཆེན་སྔོན་འགྲོ་དང་དངོས་གཞི། ནཱ་རོ་ཆོས་དྲུག།ལམ་ཟབ་བླ་སྒྲུབ། བདེ་མཆོག་རྒྱས་འབྲིང་བསྡུས་གསུམ། ཕག་མོ། པད་དཀར་ཕྱག་ཆེན་ཟིན་བྲིས་སོགས་ཀྱི་ལུང་། རྟོགས་ལྡན་ཕྲིན་ལས་བློ་གྲོས་མདུན་ནས་གཏུམ་མོའི་ཁྲིད། རྩ་རླུང་འཕྲུལ་འཁོར་སོགས་དང་། རྡོ་རྫོང་རིན་པོ་ཆེ་ལས་བླ་མ་མཆོད་པ་དང་། ཕག་མོའི་དབང་། མགོ་ལོག་ཨ་སྐྱོང་རྟོགས་ལྡན་ལས་ཆོས་དབྱིངས་མཛོད། མན་ངག་མཛོད། ཡིད་བཞིན་མཛོད། ནམ་མཁའ་སྤྲིན་བྲལ། མཁའ་དབྱིངས་ཉི་ཟླ། ནམ་མཁའ་ཀློང་ཡངས་སོགས་གསན། ཁྲོམ་ཡ་ཆེན་བླ་མ་ཨ་ཆོས་སམ། གྲུབ་དབང་ལུང་རྟོགས་རྒྱལ་མཚན་ཡབ་སྲས་ལས་ཀློང་གསལ་དང་། སྨྱོ་ཤུལ་ངག་དགའ་ནས་བརྒྱུད་པའི་སྙན་བརྒྱུད་ཟུང་གི་ཁྲེགས་ཆོད་ཐོད་རྒལ་སོགས་གསན། གཞན་ཡང་བླ་མ་ཕུར་སྐྱབས་ལས་ཀློང་ཆེན་མཛོད་བདུན་དང་། ཨ་སྐྱོང་རྟོགས་ལྡན་ལས་གསང་སྙིང་སྐོར་ཆ་ཚང་ལྗགས་ལུང་གསན། ཉམས་བཞེས་ཀྱི་སྒྲུབ་ཡུན་ཞག་བརྒྱད་ཅུ་ཙམ་བཞུགས་ཤིང་། སྟོན་སྤྲུལ་ཉིད་ཀྱིས་ལྕགས་མོ་ལྔ་པའི་རྣམ་ཐར་མ་འོངས་གང་ཟག་ལ་བརྩེ་ཆེན་གྱིས་བརྩམས་གནང་བ་ནི་བཀའ་དྲིན་མི་ཆུང་བར་འཁུམས་སོ། །ད་ལྟ་ཞལ་བཞུགས་བཞིན་པ་ཡིན་ནོ། །

{{#arraymap:བསྟན་འཕེལ་ཁྲི་འཛིན་ལྔ་པ་སྟོན་སྤྲུལ་བདུན་པ་ངེས་དོན་རྣམ་རྒྱལ་

|; |@@@ | | }}