44812

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཌཀྐི་མ་གཉིས་པ་ཁྲོམ་དགེ་མཁའ་འགྲོ་སྒྲོན་ (1)
Part of speech མིང་ཚིག
Definition འདིའི་འཁྲུངས་ཡུལ་དེང་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ཁྲོམ་བཀྲ་ཤིས་ལྗོངས་སུ་ཁྲོམ་དགེ་ཨ་རིག་གམ་རིག་འཛིན་དབང་ཕྱུག་གི་སྐུ་ཡི་ཚ་མོ་རུ་སྐྱེ་སྲིད་བཞེས། རྗེ་ཨ་རིག་མདུན་ནས་ཟབ་གསང་རྫོགས་ཆེན་སྙན་བརྒྱུད་སྐོར་ཉམས་བཞེས་གནང་། བསྟན་འཕེལ་དགོན་དུ་ཕེབས་ཏེ་གོང་མའི་དངོས་རྫས་རྣམས་ངོས་འཛིན་གནང་བས་ཀུན་བཟང་ཆོས་སྒྲོན་གྱི་སྐྱེ་སྲིད་འཁྲུལ་བྲལ་ངེས་ཤེས་ཐོབ། བྲག་ཆེན་མའི་དབེན་རི་ལ་སྒྲུབ་པ་གནང་གནམ་ལྕགས་རིལ་བུ་ཐེབ་རྩེ་གང་རྫས་གཏེར་བཞེས་པར་གྲྭ་པ་རྣམས་ལ་བདུན་ཚར་རེ་གནང་འདུག། བུམ་སྒྲུབ་ཀྱི་སྒྲུབ་པ་མཛད་སྐབས། ཡུམ་བཀའི་གཏོར་མ་ལས་བདུད་རྩི་འབབ་ཅིང་། ནད་པ་གདོན་ཆེན་སོགས་ལ་གཉན་ཆེན་མཐའ་གཏད་མཛད། ནད་གདོན་ལས་གྲོལ་བ་གནང་། གཞན་ཡང་བླ་མ་ཀུན་བཟང་དང་ཨ་ཚེ་རྣམ་གཉིས་ཀྱིས་བྱ་འབོད་གནང་ནས། ཕུང་པོ་བྱ་ལ་སྦྱིན་སྐབས་མཁའ་འགྲོ་ཉིད་བྱ་རྒོད་དུ་སྤྲུལ་ནས་ཕུང་པོ་ཟ་མ་བཅུག་སྐབས། མཁའ་འགྲོའི་སྤྲུལ་པར་མ་མཁྱེན་ནས་མནབ་གཟན་གྱིས་གྲབ་པར་གླེང་། སྒར་པ་བླ་བྲང་ལ་སྨན་སྒྲུབ་གནང་སྐབས་ནམ་མཁའ་ནས་སྨན་སྒྲུབ་ཀྱི་ཆར་བབ་པར་གྲགས། གཞན་ཡང་འགྱུར་མེད་གནམ་ལྕགས་རྡོ་རྗེ་དང་། སྟོན་པ་སྤྲུལ་སྐུ་གཉིས་སྐུ་ཚེ་མཐོན་པོར་བཞུགས་པ་དེ་ནི། མཁའ་འགྲོ་འདི་ཉིད་ཀྱིས་མཁའ་འགྲོའི་སུན་བཟློག་སོགས་མཛད་པས་ཡིན་པར་བཤད། འདས་ལོག་མང་དུ་བྱོན་ཞིང་དེང་ཡང་དམྱལ་སྣང་གི་ཡིག་ཆ་ངོ་མཚར་ཅན་མཆིས་སོ། །གཞན་ཡང་དག་པའི་གཟིགས་སྣང་པོ་ཏ་ལའི་ཞིང་དང་། གཡུ་ལོ་བཀོད་པའི་ཞིང་གི་ཡོན་ཏན་སོགས་ཀྱི་ཡིག་ཆ་ཡང་ཡོད། དེ་ཉིད་དུ་དགེ་བས་དག་པའི་ཞིང་དང་། སྡིག་པས་དམྱལ་བར་སྐྱེ་བའི་སྡུག་བསྔལ་གསུངས་པ་དག་ནི། དགེ་སྡིག་རྒྱུ་འབྲས་སྤང་བླང་སྟོན་པའི་དགེ་མཚན་འབུམ་ལྡན་གྱི་དགེ་བསྐུལ་ཉིད་སྟོན་པ་ཁོ་ནའོ། །

{{#arraymap:བསྟན་འཕེལ་ཌཀྐི་མ་གཉིས་པ་ཁྲོམ་དགེ་མཁའ་འགྲོ་སྒྲོན་

|; |@@@ | | }}