44822

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཛིན་ཤེས་རབ་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༡༡༩ བསྟན་འཛིན་ཤེས་རབ་ཞལ་སྔ་ནས་ནི། ༡༩༤༡ ལོར་སྤོམ་འབོར་ཁོངས་ཆ་ཕྲེང་གྲོང་སྡེ་གནས་ནང་ནག་གྲོང་ཁྱིམ་ཚང་གི་ཡབ་ཉི་མ་དབྱངས་ཅན་དང། ཡུམ་རྙོག་རྙོག་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་མཚན་དུ་བློ་བཟང་ཤེས་རབ་གསོལ། དགུང་གྲངས་བརྒྱད། ༡༩༤༨ ལོར་དགའ་ལྡན་བསམ་འཕེལ་གླིང་དགོན་པར་ཆོས་ཞུགས་གནང་། དེ་ནས་དགུང་གྲངས་ ༡༥ ཕེབས་པ་དགོན་པའི་བྱང་འདྲེན་ཟུར་པ་ཨ་ཞང་བློ་བཟང་ཐོགས་མེད་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་ཀྱི་མཚོན་དགོན་པའི་ཐུན་མོང་མ་ཡིན་པའི་འདོན་ཆོག་རྣམས་ལ་གསན་སྦྱོང་མཛད། དབུས་སུ་ཕེབས་ཏེ་སེར་སྨད་དུ་སྒྲིག་ཞུགས་མཛད། བསམ་གླིང་དགེ་བཤེས་བློ་བཟང་ཕུན་ཚོགས་སོགས་བཤེས་གཉེན་དུ་མ་བསྟེན་ཏེ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་ཁག་ལ་ཐུགས་གཉེར་མཛད། དགུང་གྲངས་ ༡༦ ཕེབས་པ་དགའ་ཁྲི་ ༩༦ སེར་བྱེས་ཧར་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ་མཆོག་གི་ཞལ་སྔ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པར་མཚན་དུ་བསྟན་འཛིན་ཤེས་རབ་གསོལ། དགུང་གྲངས་ ༡༩ ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས། ཆོས་སྒར་དུ་མུ་མཐུད་ནས་གཞུང་ཆེན་ཁག་ལ་ཐུགས་གཉེར་མཛད་ཅིང་། སྨོན་ལམ་ལྷ་རམས་དམ་བཅའ་སོགས་སྐབས་སོ་སོར་མཚན་སྙན་ལེགས་བཞེས་གནང་། ཕྱི་ལོ་ ༡༩༨༥ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གཞུང་ཆེན་རྣམས་ལ་གསན་བསམ་དཔྱིས་ཕྱིན་པར་མཛད། ཕྱི་ལོ་ ༡༩༨༧ ལོར་སྟོན་ཆོས་གཉིས་པའི་སྔགས་དམ་འཇོག་མཛད། ཕྱི་ལོ་ ༡༩༨༨ ལོར་དགུན་ཆོས་ཀྱི་དགེ་བསྐོས་གནང་སྟེ་སྒྲིག་ལམ་ཀུན་སྤྱོད་ལེགས་པར་བསྐྱངས། ཕྱི་ལོ་ ༡༩༩༢ ལོར་བླ་དབུ་དང་རིམ་པས་མཁན་པོའི་ཕྱག་རྟགས་ཕེབས་པ་བཞིན་འགྲེལ་བ་བཞི་སྦྲགས་སོགས་ཆོས་འཆད་སྤེལ་སྔར་སྲོལ་གནང་སྒོ་ཉམས་མེད་གནང་ཐོག་སློབ་མ་རྣམས་ལ་གང་མོས་ཀྱི་འདོད་ཆོས་སྩལ། གོང་ས་མཆོག་དང་། ཡོངས་འཛིན་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་དཔལ་བཟང་པོ་མཆོག་གིས་དབུས་སྐྱེས་ཆེན་དུ་མའི་དྲུང་ནས་དབང་ལུང་མན་ངག་རྒྱ་ཆེར་གསན། གཞན་དུ་ལྷ་སྔགས་ཏིང་ངེ་འཛིན་གྱི་རོལ་པས་འབྱམས་ཀླས་བཞིན་པའི་མུར། ༡༩༩༩ ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།

{{#arraymap:བསྟན་འཛིན་ཤེས་རབ་

|; |@@@ | | }}