45347

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཱ་གྲུ་ཞབས་དྲུང་ཡེ་ཤེས་བསྟན་འཛིན་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་མེ་སྟག་ཕྱི་ལོ ༡༨༦༦ ལོར་སྟོང་འཁོར་མཁར་དུ་ཡབ་རྟ་མགྲིན་བསྲུང་དང་། ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་སྐུ་འབུམ་རང་སྒར་དུ་གདན་སར་བཀོད། ཨ་བ་ཀ་ཞབས་དྲུང་ཡེ་ཤེས་བཤད་སྒྲུབ་ཉི་མ་ལས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་བཞེས། སྨོན་ལམ་རབ་འབྱམས་པ་བསོད་ནམས་རིན་ཆེན་ཀློག་གི་སློབ་དཔོན་དུ་བསྟེན། ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། བཅུ་པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན་བཅས་ལ་ཐུགས་བརྩོན་མཛད། རྗེ་བཙུན་སྐབས་དང་པོའི་སྐྱོར་དཔོན་དུ་བཞུགས། སྐྱབས་རྗེ་ཤིང་བཟའ་མཆོག་ལས་དགེ་ཚུལ་བསྒྲུབས། མི་ཏྲ་བརྒྱ་རྩའི་དབང་ཆེན་དང་། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་ཆོས་བཀའ་མང་པོ་གསན། རྒྱུད་པ་གྲྭ་ཚང་དུ་ཞུགས། སྨན་གྲོལ་གྱི་ལམ་ཡན་ལག་དང་བཅས་པར་ཐོས་བསམ་མཛད། ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་ལས་བསྙེན་པར་རྫོགས། སེ་རའི་དགེ་བཤེས་ཨ་མོ་ཚང་ལས་བཀའ་འགྱུར་དང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལུང་རྣམས་གསན། རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་ཕྱི་ལོ ༡༨༨༤ ལོར་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། འཆད་ཉན་ལེགས་པར་བསྐྱངས། རབ་བྱུང་བཅོ་ལྔ་པའི་ཤིང་བྱ་ཕྱི་ལོ ༡༨༨༥ ལོར་སྐུ་འབུམ་རྒྱུད་པའི་མཁན་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། ཆོས་འཆད་ཉན་བཅས་ལ་དོ་དམ་མཛད། ཉེར་ལྔ་པར་བྱང་ཕྱོགས་ཁལ་ཁའི་ཡུལ་དུ་བསྐྱོད། འདས་ལོ་མི་གསལ། དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་སོ་གཅིག་པ་དང་། རྒྱུད་པ་མཁན་པོའི་ཁྲི་རབས་རེ་དྲུག་པ་ཡིན།

{{#arraymap:བཱ་གྲུ་ཞབས་དྲུང་ཡེ་ཤེས་བསྟན་འཛིན་ཉི་མ་

|; |@@@ | | }}