4562

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་ཆེན་འཇམ་དབྱངས་ཤེས་རབ་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ལྕགས་རྟ་ཕྱི་ལོ་ ༡༤༥༠ ལོར་ཨེ་ཕྱོགས་སུ་འཁྲུངས། གཞོན་དུས་ནས་བླ་འབྲིང་ཆོས་སྡེར་བླ་མ་བསོད་ནམས་རྒྱ་མཚོའི་བློ་གྲོས་ལས་རབ་ཏུ་བྱུང་། གསང་ཕུར་སློབ་དཔོན་ཤེས་རབ་བཀྲ་ཤིས་དང་། གཙང་བཀྲ་ཤིས་ལྷུན་པོར་པཎ་ཆེན་དགེ་འདུན་གྲུབ། རྒྱུད་པ་ཤེས་རབ་བཟང་པོ། སློབ་དཔོན་ཆོས་འབྱོར་བ། ཆོས་རྗེ་གནས་བརྟན་པ། བླ་མ་སྣོན་པ། རྩེ་པ་བཀྲ་ཤིས་རྒྱལ་མཚན་སོགས་ལས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས། སྣོན་པ་དཔལ་ལྡན་ལས་དགེ་སློང་བསྒྲུབས། ཉི་མ་ཐང་དུ་ལོ་ཉི་ཤུ་ལྷག་ཏུ་འཆད་ཉན་མཛད། ང་བདུན་པ་མེ་སྟག་ལོར་བྱང་རྩེའི་ཁྲིར་བཞུགས། འཆད་ཉན་བསྐྱངས། རེ་གཉིས་པ་རབ་བྱུང་དགུ་པའི་ལྕགས་ལུག་ཕྱི་ལོ་ ༡༥༡༡ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་ངོ་དྲུག་རིང་བསྐྱངས། མདོ་སྔགས་ཀྱི་འཆད་ཉན་སྤེལ། གསེར་ཟངས་ལས་གྲུབ་པའི་སངས་རྒྱས་ཀྱི་སྣང་བརྙན་ཞིག་བཞེངས། རེ་བདུན་པར་ཟུར་བཞུགས་མཛད། སློབ་མ་གཙོ་བོ་ནི་གུང་རུ་གཞོན་ནུ་བྱང་ཆུབ་སོགས་དགུ་ཡིན། གྱ་གཅིག་པ་རབ་བྱུང་དགུ་པའི་ལྕགས་སྟག་ཕྱི་ལོ་ ༡༥༣༠ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བཅུ་གཉིས་པ་ཡིན། མཚན་གཞན། འཇམ་དབྱངས་ཤེས་རབ་དར་ལེགས་པའི་བློ་གྲོས།

{{#arraymap:ཁྲི་ཆེན་འཇམ་དབྱངས་ཤེས་རབ་

|; |@@@ | | }}