4584

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ཕྱི་ལོ་ ༡༩༠༡ ལོར་ཚལ་གུང་ཐང་དུ་ཡབ་ཚེ་རིང་དོན་གྲུབ་དང་། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཁྲི་བྱང་སྤྲུལ་སྐུར་ངོས་འཛིན་ཁྲི་འདོན་གནང་། དབུས་སུ་ཕེབས། དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་། གཞུང་ཆེན་བཀའ་པོད་ལྔ་ལ་གསན་བཞེས་མཛད། འབུལ་སྡུད་སྤྲུལ་སྐུ་བློ་བཟང་ཡེ་ཤེས་དང་ཀླུ་འབུམ་ཤེས་རབ་རྒྱ་མཚོ་གཉིས་ལས་ཐ་སྙད་རིག་གནས་གསན། ཉེར་གཅིག་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་ལྷ་རམས་པའི་དམ་བཅའ་གནང་། ཕ་བོང་ཁ་བྱམས་པ་བསྟན་འཛིན་དང་སྟག་བྲག་ངག་དབང་གསུང་རབ་གཉིས་ལས་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་གསན། སོ་བཞི་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་གསེར་སྡོང་གསར་བཞེངས་ཀྱི་ཕྱག་ལས་གནང་། ཞེ་བཞི་པར་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་མཚན་ཞབས་མཛད། ང་གཅིག་པར་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཡོངས་འཛིན་གྱི་འགན་ཁུར། མདོ་སྔགས་ཆོས་ཕུལ། །གྱ་གཉིས་པ་རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་ཕྱི་ལོ་ ༡༩༨༢ ལོར་སྐུ་གཤེགས། ཁྲི་བྱང་སྐུ་ཕྲེང་གསུམ་པ་ཡིན། གསུང་རྩོམ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས། རྗེས་གནང་གི་སྐོར། ཁྲིད་ཀྱི་སྐོར། བེའུ་བུམ་གྱི་སྐོར། ལུང་གི་སྐོར། དབང་གི་སྐོར། ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་བེའུ་བུམ་སྐོར་བཅས་ཆོས་ཚན་བརྒྱད་ལོངས་པའི་པོད་གཅིག་བཞུགས།

{{#arraymap:ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་

|; |@@@ | | }}