4587

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་བསམ་གཏན་ཕུན་ཚོགས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ཆུ་ལུག་ཕྱི་ལོ ༡༧༠༣ ལོར་དབུས་སྟོད་ལོའི་མདར་ཡབ་རྟ་ཕག་ལྷ་མོ་དར་རྒྱས་དང་། ཡུམ་ཨ་མ་ཕྱོགས་ཡག་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་འབྲས་སྤུངས་བློ་གསལ་གླིང་གི་དབུས་སྟོད་སྤྱི་ཁང་དུ་ཞུགས། ཡི་གེའི་སྦྱོར་ཀློག་དང་འདོན་ཆོས། རྩ་གཞུང་ཆེ་ཆུང་སོགས་ལ་བྱང་བར་མཛད། བློ་བཟང་སྦྱིན་པ་ལས་རབ་ཏུ་བྱུང་། རྭ་སྒྲེང་མཁན་པོ་སོགས་སྤྱི་ཆོས་ཀྱི་བླ་མར་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་མཁས་པར་སྦྱངས། སུམ་ཅུ་སོ་གཅིག་པར་ལྷ་ལྡན་སྨོན་ལམ་ཆེན་པོའི་གྲྭ་སྐོར་མཛད། སོ་བཞི་པར་རྒྱལ་མཆོག་རིན་པོ་ཆེ་ལས་བསྙེན་པར་རྫོགས། བཀའ་ཆོས་མང་དུ་གསན། གཞན་ཡང་ངག་དབང་བྱམས་པ་དང་། དྭགས་པོ་བློ་བཟང་སྦྱིན་པ། ཡེ་ཤེས་བསྟན་པའི་སྒྲོན་མེ། ཁྲི་ཆེན་རྒྱལ་མཚན་སེང་གེ ངག་དབང་ནམ་མཁའ་བཟང་པོ། ཤར་ཆེན་ངག་དབང་ལྷུན་གྲུབ། དཀའ་ཆེན་ཐབས་མཁས་རྒྱ་མཚོ་སོགས་བསྟེན། ལམ་རིམ་ཆེ་ཆུང་དང་། སྔགས་རིམ། འགྲེལ་བ་བཞི་སྦྲགས། གསང་བདེ་འཇིེགས་གསུམ་གྱི་བསྐྱེད་རྫོགས། བཀའ་གདམས་གསར་རྙིང་གི་བློ་སྦྱོང་བཅས་ཀྱི་དབང་ལུང་ཁྲིད་གསུམ་གསན། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས། གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་དང་བཅས་པར་སྦྱངས། བླ་མ་དབུ་མཛད་དང་། རྒྱུད་ཀྱི་མཁན་ཁྲི། ཤར་རྩེའི་མཁན་ཁྲིར་ཕེབས་ནས་འཆད་ཉན་བསྐྱངས། ང་ལྔ་པ་རབ་བྱུང་བཅུ་གསུམ་པའི་མེ་གླང་ཕྱི་ལོ ༡༧༥༧ ལོར་དགའ་ལྡན་གསེར་ཁྲིར་བཞུགས། ལོ་བདུན་རིང་གསེར་ཁྲི་བསྐྱངས། མདོ་སྔགས་ཆོས་ཀྱི་འཆད་ཉན་འཕེལ་བར་མཛད། རེ་གཉིས་པར་དབུས་སྟོད་ཕག་མོ་ཆོས་སྡེར་ཟུར་བཞུགས་མཛད། རེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་སྟག་ཕྱི་ལོ ༡༧༧༠ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ང་བདུན་པ་ཡིན། མཚན་གཞན། ཤར་རྩེ་བསམ་གཏན་ཕུན་ཚོགས།

{{#arraymap:ཁྲི་བསམ་གཏན་ཕུན་ཚོགས་

|; |@@@ | | }}