4614

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་རྒྱ་ནག་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཤིང་ཕག་ཕྱི་ལོ་ ༡༦༣༥ ལོར་ཨ་མདོ་ཀླུ་འབུམ་དུ་འཁྲུངས། གཞོན་དུས་ནས་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། མདོ་ཕྱོགས་ཀྱི་གཞུང་ཆེན་རྣམས་ལ་ཐོས་བསམ་མཛད། རྒྱུད་སྨད་དུ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་ལུགས་བཅས་པར་སྦྱངས། བདེ་ཡངས་གྲྭ་ཚང༌། སྒོ་མང་གྲྭ་ཚང༌། དཔལ་ལྡན་རྒྱུད་སྨད། བྱང་རྩེ་རྣམས་ཀྱི་མཁན་ཁྲི་རྒྱུན་རིང་མཛད། ཞེ་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་ ༡༦༨༢ ལོར་དགའ་ལྡན་གསེར་ཁྲིར་བྱོན། གསེར་ཁྲི་ལོ་གསུམ་རིང་བསྐྱངས། ལྔ་བཅུ་ང་གཉིས་པ་རབ་བྱུང་བཅུ་གཅིག་པའི་མེ་སྟག་ཕྱི་ལོ་ ༡༦༨༦ ལོར་སོག་ཡུལ་དུ་ཕེབས། ཧལ་ཧ་དང་ཨོ་རོད་བར་གྱི་ཁ་མཆུ་བསྡུམས། ང་གསུམ་པ་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ཕྱི་ལོ་ ༡༦༨༧ ལོར་གོང་མའི་ཕོ་བྲང་ཆེན་མོ་པེ་ཅིན་དུ་ཕེབས། གོང་མ་ཁང་ཞི་དང་མཇལ་འཕྲད་ཀྱིས་ཆོས་འཁོར་རྒྱ་ཆེར་བསྐོར། ང་བཞི་པ་རབ་བྱུང་བཅུ་གཉིས་པའི་ས་འབྲུག་ཕྱི་ལོ་ ༡༦༨༨ ལོར་རང་ཡུལ་དུ་ཕེབས་པའི་ལམ་ཁར་སྐུ་གཤེགས། དངུལ་གདུང་སྒོ་མང་མཆོད་རྟེན་བཞེངས། སློབ་མ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང༌། ལྕང་སྐྱ་ངག་དབང་ཆོས་ལྡན་སོགས་མང༌། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཞེ་བཞི་པ་ཡིན།
Synonyms ཁྲི་རྒྱ་ནག རྒྱ་ནག་པ་བློ་གྲོས་རྒྱ་མཚོ།

{{#arraymap:ཁྲི་རྒྱ་ནག་པ་

|; |@@@ | | }}