4617

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་རྒྱལ་བསོད་ནམས་ལྡེ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ལྕགས་ཕག་ཕྱི་ལོ་ ༡༣༧༡ ལོར་མངའ་རིས་གུང་དུ་ཡབ་ཁྲི་ཕུན་ཚོགས་ལྡེ་དང་། ཡུམ་ནམ་མཁའ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགེ་བའི་བཤེས་གཉེན་བོ་དོང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་དང་། རྗེ་སེང་གེ་བཟང་པོ། ལོ་ཙཱ་བ་ངག་དབང་གྲགས་པ། རེད་མདའ་བ་གཞོན་ནུ་བློ་གྲོས་བཅས་བསྟེན། མདོ་སྔགས་རིག་གནས་ལ་སྦྱངས་པ་མཛད། མང་ཡུལ་གུང་ཐང་གི་ཆབ་སྲིད་བསྐྱངས། ལ་སྟོད་ལྷོ་བྱང་ཤེར་པ་དང་པུ་རངས་སོགས་ཀྱང་མངའ་འོག་ཏུ་བསྡུས། དབུལ་ཕྱུག་ལན་གསུམ་དུ་སྙོམས་པར་གྲགས། བཅུ་དགུ་ནས་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་རྩ་བའི་བླ་མར་བསྟེན། སྔ་འགྱུར་གྱི་ཆོས་མང་དུ་གསན། བོ་དོང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། ལོ་ཙཱ་བ་ངག་དབང་གྲགས་པ། རེད་མདའ་བ་གཞོན་ནུ་བློ་གྲོས་རྣམས་ལས་གསང་སྔགས་གསར་མའི་ཆོས་ཀྱང་མང་དུ་གསན། ཉི་ཤུ་ཐམ་པ་རབ་བྱུང་བདུན་པའི་ལྕགས་རྟ་ཕྱི་ལོ་ ༡༣༩༠ ལོར་གུང་ཐང་ཆོས་སྡེ་ཆེན་པོར་གྲྭ་ཚང་བཅུ་དྲུག་གི་རྨང་གཞི་བཙུགས། ཆོས་རྗེ་སེང་གེ་བཟང་པོ་དང་། རྗེ་བཙུན་རེད་མདའ་བ་གཉིས་ཀྱི་བཞུགས་གནས་བསམ་གཏན་གླིང་དང་། སྐྱིད་གྲོང་མེ་ཏོག་མདངས་ཅན་སོགས་བཞེངས་པར་མཐུན་རྐྱེན་སྦྱར། གུ་གེ་ནས་ཆོས་སྐྱོང་རྒྱལ་མོ་ཁབ་ཏུ་བཞེས། རིགས་སྲས་བསོད་ནམས་རྒྱལ་མཚན་དང་། ལྷ་དབང་རྒྱལ་མཚན་གཉིས་འཁྲུངས། སོ་བཞི་པ་རབ་བྱུང་བདུན་པའི་ཤིང་སྤྲེལ་ཕྱི་ལོ་ ༡༤༠༤ ལོར་སྐུ་གཤེགས།

{{#arraymap:ཁྲི་རྒྱལ་བསོད་ནམས་ལྡེ་

|; |@@@ | | }}