4649

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་སྤྲུལ་དང་པོ་མི་ཕམ་དབང་པོ་ (1)
Part of speech མིང་ཚིག
Definition རྒྱལ་སྲས་ཁྲི་པ་བསྟན་འཛིན་རབ་རྒྱས་ཀྱི་སྐུ་ཕྲེང་གཉིས་པ། ཁྲི་སྤྲུལ་དང་པོ་མི་ཕམ་དབང་པོ་མཆོག་ནི། ཆོས་རྩེའི་ཆབ་འོག་བོན་སྦིས་ཆོས་རྗེའི་གདུང་རབས་སུ། རབ་བྱུང་བཅུ་གཉིས་པའི་ས་གླང་ ༡༧༠༩ ལོར་འཁྲུངས། མཁན་བཟོད་པ་ཕྲིན་ལས་མདུན་ཚུལ་ཁྲིམས་ཀྱི་སྡོམ་པ་མནོས། རིགས་བདག་ཆོས་རྗེ་ངག་དབང་རྒྱལ་མཚན་དང༌། སྒང་སྤྲུལ་བསྟན་འཛིན་ལེགས་དོན། ཡོངས་འཛིན་ངག་དབང་ལྷུན་གྲུབ་དང༌། ངག་དབང་ཕྲིན་ལས་སོགས་ལས་ཐུན་མོང་རིག་གནས་ནས་བརྩམས། གསང་སྔགས་གསར་རྙིང་གི་དབང་དང་གདམས་པ་མ་ལུས་པ་གསན་བཞེས་མཛད་དེ། ལུང་རྟོགས་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཏུ་སོན། རེ་ཞིག་སྒང་སྟེང་གི་གདན་ཚབ་མཛད་ནས་བཞུགས། དེ་ནས་དགུང་གྲངས་ཉེར་གཅིག་ལ་གསེར་ཁྲིར་བྱོན་པ་དང་ལྷན་ཅིག་སྡེ་སྲིད་བཅུ་པའི་ཆབ་སྲིད་ཕྱག་ཏུ་བཞེས། དེ་སྐབས་རིན་སྤྱི་དཀར་སྤེ་དོན་གྲུབ་ནས་ངོ་རྒོལ་བྱུང་སྟེ་གཞུང་དུ་དམག་ཡང་ཡང་དྲངས་ཀྱང་མ་གནོད་པར། ཁོ་པས་བོད་རྒྱལ་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ལ་མགོ་གཏད་ཞུས་ཏེ་དམག་རྒྱབ་ལན་གཉིས་སུ་འཛུགས་སྐབས། རྒྱལ་དབང་ཀརྨ་པ་ཞྭ་དམར་ནག་ཟུང་ནས་ལྷོ་བོད་བར་ཆིངས་མཛད། རྗེ་འདིས་བོད་འབྲུག་མཐུན་ལམ་རྒྱུན་ཆགས་སུ་གནང་ཞིང༌། བཀྲ་ཤིས་ཆོས་རྫོང་དུ་དཀར་བརྒྱུད་ཕོ་བྲང་དང༌། སྤུངས་ཐང་དུ་བླ་མ་དྲག་པོའི་དཀྱིལ་འཁོར་བློས་བསླངས་དང༌། གསེར་ཟངས་ཀྱི་སྤྱན་རས་གཟིགས་ཐོག་ཚད་གསུམ་མ་སོགས་འཛུགས་སྐབས། གཅུང་རྒྱལ་སྲས་འཇིགས་མེད་ནོར་བུ་གཤེགས་པས་ཐུགས་ཕྱུང་སྟེ། ཉེར་བདུན་པར་སྡེ་ཁྲི་ལས་བཞེངས་ཏེ། བོད་དུ་གཅུང་གི་དགོངས་རྫོགས་སྒྲུབ་པ་དང་འབྲེལ་གནས་གཟིགས་ལ་བྱོན། དེ་སྐབས་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ནས་སྲི་ཞུ་ཆེ་བར་བྱུང་ཞིང༌། སླར་རང་ལྗོངས་སུ་བདེ་བར་ཕེབས། རྟ་མགོའི་གདན་སར་བཞུགས་པའི་མཐར། དགུང་ལོ་སུམ་ཅུ་པ་ས་རྟ་ ༡༧༣༨ ལོར་ཞི་བར་གཤེགས་སོ། །

{{#arraymap:ཁྲི་སྤྲུལ་དང་པོ་མི་ཕམ་དབང་པོ་

|; |@@@ | | }}