46968

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་བ་ལ་ཁ་དགོན་ (1)
Part of speech མིང་ཚིག
Definition ཐོག་མར་ཕྱི་ལོ་ ༡༣༠༣ རབ་བྱུང་ལྔ་པའི་ཆུ་ཡོས་ལོར་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེས་དགོན་པའི་སའི་མཐིལ་ལ་རྟགས་བཏབ་ནས་ས་འདུལ་བྱིན་རླབས་མཛད། མདོར་ན་ཀརྨ་པ་རང་བྱུང་རྡོ་རྗེས་བྱ་བ་ལ་ཁ་དགོན་པ་དང་། ལྡིང་མོ་ཕག་མཚོ་དགོན། སྟོང་ཆུང་དགོན། བྱི་པ་བདེ་ཆེན་དགོན། ཀམ་པོ་གནས་དགོན། ཨ་རྡོ་དགོན་པ་སོགས་ཤོག་དྲུག་དགོན་ཚོ་བཅུ་གསུམ་གྱི་གདན་ས་ལ་བྱིན་རླབས་མཛད། དེའི་རྗེས་སུ་ཕྱི་ལོ་ ༡༣༠༤ རབ་བྱུང་ལྔ་པའི་ཤིང་འབྲུག་ལོར་ཀཿཐོག་སྔར་རབས་པའི་ཆོས་བརྒྱུད་ལས་འཕྲོས་པའི་སྐྱེས་ཆེན་དམ་པ་རྣམས་བར་མ་ཆད་པར་བྱོན་ནས་དགོན་པ་འདི་ཕྱག་བཏབ། དད་ལྡན་མང་ཚོོགས་ཀྱིས་གཙུག་ལག་ཁང་དང་རྟེན་བཅས་བཞེངས། ཀཿདམ་པ་བདེ་གཤེགས་སོགས་ཀྱིས་ལུང་བསྟན་ལྟར་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྒྱལ་ཚབ་གཏེར་ཆེན་རིག་འཛིན་ཀློང་གསལ་སྙིང་པོ་བྱོན་ནས་སླར་དགོན་པ་འདི་ལ་ཉམས་པ་སོར་ཆུད་མཛད་ནས་ད་ལྟར་རིག་འཛིན་ཀློང་གསལ་སྙིང་པོའི་གདན་ས་ཞེས་གྲགས། བྱ་བ་ལ་ཁ་དགོན་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། ཡུལ་ལུང་བ་དེ་བྱ་ཁྱུང་གི་གཤོག་སྒྲོ་དང་འདྲ་བ་ཡུལ་གྲུ་དེ་ལ་བྱ་བ་སྡེ་ཞེས་ཟེར་སྒྲོས་ཡོད། ལ་ཁ་དགོན་པའང་བརྗོད་དུ་ཡོད་དེ། སྔར་གྱི་དགོན་པ་རྙིང་པ་དེ་སྤྲིན་དཀར་གྱི་སྟོད་གཡོགས་མཛེས་པའི་རི་བོ་རྩེ་ལ་ཆགས་ཡོད་པས་དེའི་ཕྱིར་ན་ད་ལྟར་ངག་རྒྱུན་དུ་ཡང་བྱ་བ་ལ་ཁ་དགོན་པ་ཞེས་བརྗོད་དོ། །རྟེན་གྱི་གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་རྟེན་མང་དུ་ཡོད་ཀྱང་དུས་འགྱུར་སྐབས་སུ་མིང་ཙམ་དུ་བཏང་། །སྐུ་ཕྲེང་བཅུ་གསུམ་པ་བསྟན་འཛིན་རྒྱ་མཚོའི་སྐུ་རིང་ལ་དགོན་པ་འདི་མར་སྤོས།

{{#arraymap:བྱ་བ་ལ་ཁ་དགོན་

|; |@@@ | | }}