47045

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་འཆད་ཁ་བ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༡༠༡ ལོར་ཡལ་ལུ་ར་རུ་འཁྲུངས། གདུང་རུས་བྱ་ཡིན། གཞོན་དུས་སུ་ལོ་རོ་ཞིང་གསར་དུ་མཁན་པོ་རྩེ་བོར་བ་དང་། སློབ་དཔོན་དྭགས་པོ་གཙང་འདུལ་བ་གཉིས་ལས་རབ་བྱུང་བསྒྲུབས། མཚན་ལ་ཡེ་ཤེས་རྡོ་རྗེ་ཞེས་གསོལ། ཚ་རོང་ཇོ་སྟོན་དང་། དྭགས་གཙང་འདུལ་བ་གཉིས་ལས་བསྙེན་པར་རྫོགས། ཤ་མི་བ་སྨོན་ལམ་འབར་ལས་འདུལ་བ་སོགས་ཆོས་སྐོར་རྣམས་གསན། སུམ་ཅུ་པར་དབུ་རུར་ཤ་ར་བ་ཡོན་ཏན་གྲགས་ལ་མཇལ། བློ་སྦྱོང་གི་ཁྲིད་ཚར་གཅིག་ལོ་བཅུ་གསུམ་རིང་གསན། དེའི་དོན་རྒྱུད་ལ་འཁྲུངས། མལ་གྲོར་འཆད་ཁ་རྙིང་མ་བཏབ། ལོ་སོ་བཞིའི་རིང་ལ་ཚོགས་པ་བསྐྱངས། བྱ་དུར་མོར་སྒྲུབ་པ་ཉམས་ལེན་མཛད། མངོན་རྟོགས་ཁྱད་ཅན་འཁྲུངས། མཐར་ཐུག་གསུམ་གྱི་གདམས་པ་དང་། རང་རྣམ་ཚིགས་བཅད་མ་བཅས་བརྩམས། དོན་ལྔ་པ་རབ་བྱུང་གསུམ་པའི་ཤིང་ལུག་ཕྱི་ལོ་ ༡༡༧༥ ལོར་སྐུ་གཤེགས། སློབ་མ་མཆོག་ཏུ་གྱུར་པ་ནི་སེ་སྤྱིལ་བུ་བ་ཆོས་ཀྱི་རྒྱལ་མཚན་ཡིན། བཀའ་གདམས་པའི་དགེ་བཤེས་ཆེན་པོ་ཞིག་ཡིན།
Synonyms བྱ་སྟོན་འཆད་ཁ་བ་ཡེ་ཤེས་རྡོ་རྗེ།

{{#arraymap:བྱ་འཆད་ཁ་བ་

|; |@@@ | | }}