47047

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་འདུལ་འཛིན་བརྩོན་འགྲུས་འབར་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ལྕགས་ལུག་ཕྱི་ལོ་ ༡༠༩༡ ལོར་གཙང་རོང་གཡུང་དུ་འཁྲུངས། གཞོན་དུས་སུ་འབྲེ་ཆེན་པོ་ཤེས་རབ་འབར་ལས་རབ་བྱུང་བསྒྲུབས། མཚན་ལ་བརྩོན་འགྲུས་འབར་ཞེས་གསོལ། སོག་འདུལ་འཛིན་ལས་འདུལ་བ་སོགས་ཆོས་སྐོར་གསན། རྒྱ་འདུལ་འཛིན་དབང་ཕྱུག་ཚུལ་ཁྲིམས་འབར་དང་། རྨ་ཚོ་བྱང་ཆུབ་རྡོ་རྗེ་དགེ་སློབ་གཉིས་ལས་འདུལ་བ་ལེགས་པར་སྦྱངས། རྒྱལ་ཚ་ཞང་ཡེ་ལས་དབུ་ཚད་དང་། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ལས་ཡོ་ག་སོགས་གསན། ཟུལ་ཕུར་བཤད་གྲྭ་བཙུགས། ཚོགས་པ་ལོ་ངོ་དགུའི་རིང་བསྐྱངས། མན་ངག་ཉམས་ལེན་མཛད་དེ་བཞུགས། དོན་དྲུག་པ་རབ་བྱུང་གསུམ་པའི་མེ་ཁྱི་ཕྱི་ལོ་ ༡༡༦༦ ལོར་ཟུལ་ཕུའི་གཟིམས་ཁང་དུ་སྐུ་གཤེགས། སློབ་མ་བསྟན་འགྲོར་ཕན་ཐོགས་ནུས་པ་དོན་དྲུག་ཙམ་བྱོན། གྲགས་ཆེ་བ་ནི་རྩིས་པ་གཞོན་ནུ་སེང་གེ་དང་། གཙང་རོང་པ་ལྕེ་འདུལ་འཛིན། བྱའི་སྣག་དཔོན་རོག་ཆོས་དབང་བཅས་ཡིན།

{{#arraymap:བྱ་འདུལ་འཛིན་བརྩོན་འགྲུས་འབར་

|; |@@@ | | }}