47057

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་ཡུལ་བ་ཆེན་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ཤིང་ཡོས་ཕྱི་ལོ་ ༡༠༧༥ ལོར་སྟོད་ལུང་གི་གོལ་གོ་ལུང་དུ་ཡབ་གཡུང་དྲུང་བརྟན་འབར་དང་། ཡུམ་ལྗང་བཟའ་ལྕམ་བུ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཉིས་པར་སྤྱན་སྔའི་སློབ་མ་ཡེ་ཤེས་རྒྱལ་གྱིས་སློབ་དཔོན་དང༌། རྣལ་འབྱོར་པའི་སློབ་མ་བྱང་གྲགས་བྱ་བས་མཁན་པོ་མཛད་ནས་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་གཞོན་ནུ་འོད་དུ་བཏགས། དེ་ནས་སྟོད་ལུང་པ་རིན་ཆེན་སྙིང་པོ་དང་སྤྱན་སྔ་ཚུལ་ཁྲིམས་འབར་གྱི་ཉེ་གནས་མཛད་པ་ལ་བླ་མར་བཀུར་སྟི་ཤིན་ཏུ་ནན་ཆེར་མཛད་པས་བསྐྱེད་རྫོགས་གཉིས་ཀྱི་གདམས་ངག་ཐོབ། དྭགས་པོའི་ལྷོ་རྒྱུད་ཀྱི་བྱ་ཡུལ་དུ་དགོན་པ་བཏབ་སྟེ་སློབ་མ་མང་དུ་འདུས་ནས་བཀའ་གདམས་གདམས་ངག་པའི་ཆོས་སྤེལ། དབྱར་ཆོས་བྱ་ཡུལ་དུ་མཛད། དུས་གཞན་དུ་སྐྱིད་སྨད་ལ་སོགས་པར་ཡང་ཆོས་གཞི་མང་དུ་བསྐོར་ཞིང་འགྲོ་བའི་དོན་རྒྱ་ཆེར་མཛད། སྤྱན་སྔ་གཤེགས་ཁར་ཁྱོད་བསྙེན་རྫོགས་མ་བྱེད་ཅིག་གསུངས་པས་བསྙེན་རྫོགས་ཡུན་རིང་མ་བསྒྲུབས། ཕྱིས་གསོལ་བ་བཏབ་པས་སྣམ་སྦྱར་རྒྱ་གར་མ་ཞིག་གནང་བ་རྨིས་ནས་དགེ་སློང་བྱེད་པར་གནང་པ་ཡིན་སྙམ་སྟེ་དགེ་བཤེས་རྔོག་ཆོས་དབང་གིས་མཁན་པོ་མཛད། མང་རས་སློབ་དཔོན་མཛད། རྒྱ་ཤེས་རབ་འབར་གྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། དགུང་ལོ་རེ་བཞི་པ་རབ་བྱུང་གཉིས་པའི་ས་ཕོ་རྟ་ཕྱི་ལོ་ ༡༡༣༨ སྨིན་དྲུག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་སྐུ་གཤེགས། འདི་ཉིད་ལ་སློབ་མ་ཏིང་ངེ་འཛིན་སྐྱེས་པ་ལྔ་བརྒྱ། དགེ་བཤེས་ཇག་རྩེ་འཆའ་བ་བརྒྱ་དང་བཅུ། དེ་དག་གི་ནང་ནས་ཕྱིའི་ཆེན་པོ་དགུ། བར་གྱི་ཆེན་པོ་བརྒྱད། ནང་ཐུགས་ཀྱི་སྲས་གསུམ་སོགས་མང་དུ་བྱུང་བ་འདི་རྣམས་ཀྱིས་ཀྱང་གནས་དགོན་སོ་སོར་བཟུང་ནས་འགྲོ་བའི་དོན་རྒྱ་ཆེར་མཛད།

{{#arraymap:བྱ་ཡུལ་བ་ཆེན་པོ་

|; |@@@ | | }}