47087

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་རྒོད་ (1)
Part of speech མིང་ཚིག
Definition བྲག་རི་ཤིན་ཏུ་མཐོ་སར་ཚང་བཅའ་བའི་བྱ་ཆེན་པོ་རོ་ཟ་མཁན་ཞིག་སྟེ། ཐོད་པ་ནས་ལྟག་པའི་སྒྲོ་སྤུ་ཁམས་ནག་དང་། ལྷག་པར་སྒྲོ་སྤུ་དཀར་ཤས་ཅན་མཐུག་པོ་ཡོད། འགྲམ་ལོགས་ཀྱི་སྒྲོ་སྤུ་ཚེར་མའི་དབྱིབས་སུ་ཡོད། སྐེ་རྗེན་པ་ཞ་ཉེའི་མདོག་ལྟ་བུའི་སྔོན་པོ་ཡིན་ཞིང་སྐེ་ཀོར་གྱི་སྤུའི་མདོག་ཁམ་སྐྱ་དཀར་ཤས་ཆེ། ཕྲག་པ་དང་། རྒྱབ་རྐེད། རྔ་སྒྲོ་ཆུང་བ་རྣམས་ཁམ་ནག་ཡིན། གཤོག་སྒྲོ་ཆུང་འབྲིང་ཐམས་ཅད་ཁམ་ནག་ཡིན། གཤོག་སྒྲོ་ཆེ་བ་ནག་པོ་ཡིན། ལུས་སྨད་ཕལ་ཆེར་ནག་པོ་ཡིན། བྲང་ཁར་སྒྲོ་སྤུ་ཁུ་ལུ་ལྟ་བུས་ཁྱབ་ཅིང་། ལོགས་གཉིས་ན་སྒྲོ་སྤུ་རིང་པོ་ཚོམ་བུ་རེ་ཡོད། བྲང་ཁ་དང་ལྟོ་ངོས་ཀྱི་སྒྲོ་སྤུ་ལ་ཁྲ་ཐིག་མིག་གསལ་བ་ཡོད། རྐུབ་མཐའ་རྔ་སྒྲོའི་འོག་གི་སྒྲོ་སྤུ་རྣམས་ཁམ་སྐྱ་དཀར་ཤས་ཆེ་བ་ཡིན། རྐང་པའི་ཐོག་གི་སྒྲོ་སྤུ་རྣམས་སྨུག་ནག་ཡིན། སྲོག་ཆགས་ཆེན་པོ་ཤི་བའི་རོ་ཟ་ཞིང་། སྐབས་འགར་སྲོག་ཆགས་ཆུང་ངུའི་རིགས་བཟུང་ནས་ཟ་བའང་ཡོད་དོ། །
Keyword True
Synonyms མཁའ་ལ་འཁོར། ནམ་འཕང་སྤྱོད་བྱེད། རིང་འཕུར། རླུང་སྤྱོད།

{{#arraymap:བྱ་རྒོད་

|; |@@@ | | }}