47194

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་གཏེར་ (1)
Part of speech མིང་ཚིག
Definition རིག་འཛིན་རྒོད་ལྡེམ་གྱིས་གཏེར་ནས་དྲངས་པའི་ལས་བཞིའི་ཆོས་ཚན་རྣམས་སོ། །

{{#arraymap:བྱང་གཏེར་

|; |@@@ | | }}

བྱང་གཏེར་ (2)
Part of speech མིང་ཚིག
Definition བོན་གྱི་བསྟན་པ་སྔ་དར་དང་ཕྱི་དར་གྱི་འཕེལ་རིམ་ཁྲོད་བྱུང་བ་ཞིག་སྟེ། དེ་ཡང་བསྟན་པ་ཕྱི་དར་སྐབས་སུ་གཏེར་གནས་དང་ཁོངས་སོ་སོའི་ཁྱད་པར་གྱིས་བྱང་གཏེར་དང། དབུས་གཏེར། ལྷོ་གཏེར། ཁམས་གཏེར། གཏེར་གསར་ཞེས་ཕྱེས་ཡོད། བྱང་གཏེར་ནི་ཐོག་མ་ལྷོ་བལ་ཨ་ཙ་ར་མི་གསུམ་གྱིས་དབུས་ཀྱི་བསམ་ཡས་ནས་གཏེར་བཏོན་ནས་སྟོད་ལུང་ཡར་ཐོན་ཏེ། བྱང་ནམ་ར་བྱ་བར་སླེབས་སྐབས། ལ་སྟོད་མདོག་སྲས་རོང་ཞེས་པའི་ས་གནས་དེར། བན་དྷེ་ཤཱཀྱ་མུ་ནེ་དང་། མཆིམས་ཤཱཀྱ་བྲ་བ། འོ་མ་བྱང་ཆུབ་སེང་གེ་གསུམ་དང་འཕྲད་པས། ཁོང་གསུམ་ནས་བསམ་ཡས་ལ་གཏེར་འདོན་པར་འགྲོ་བ་དང་། ཨ་ཙ་ར་མི་གསུམ་གྱིས་གཏེར་བཏོན་པ་རྣམས་བེད་སྤྱོད་གཏོང་ས་མ་རྙེད་ནས་ཁོང་གསུམ་ལ་ནོར་དང་བརྗེས་ཡོད། བན་དྷེ་མི་གསུམ་གྱིས་གཏེར་སྒམ་ཁ་ཕྱེས་དུས་ཆོ་འཕྲུལ་སྣ་ཚོགས་བྱུང་ཏེ་ཕྱེ་མ་ཐུབ། དེ་ཁྱེར་ནས་ཕྱིན་ཏེ་ལ་སྟོད་མདོག་གི་སྨན་གོང་ཞེས་པའི་ས་ཆའི་གཟེར་བན་ཤེས་རབ་རྒྱལ་མཚན་གྱི་ཁྱིམ་དུ། ཚ་བོ་གཟེ་རྒུ་བྱ་བའི་བོན་པོ་ཁོང་དང་འཕྲད་ནས། ཁོང་གསུམ་གྱིས་བོན་པོ་གཟེ་རྒུ་ལ་བྱིན་ཡོད། གཟེ་རྒུ་བོན་པོ་ནས་ལྷ་ཕྱག་འཚལ། གསོལ་བ་བཏབ་ནས་ཁ་ཕྱེ་ཐུབ་པ་བྱུང་ཡོད། གཏེར་སྒམ་ནང་དུ་ཡོད་པ་ཐམས་ཅད་བོན་དཔེ་ཡིན་འདུག་པས། ཡིག་ཚོགས་མང་རྐྱེན་ཁ་བྱང་རྣམ་གྲངས་སོགས་མ་བཀོད་ལེགས་བཤད་རིན་པོ་གཏེར་མཛོད་ཞེས་པའི་དེབ་ནང་དུ་གསལ་ལོ། །གཟེ་རྒུ་བོན་པོས་བཀའ་བབ་རྣམས་ལ་བརྒྱུད་ནས་ཡོང་བ་དག་བྱང་གཏེར་ཞེས་བྱ་སྟེ། ལེགས་བཤད་རིན་པོ་གཏེར་མཛོད་ལས། བསམ་ཡས་སྐོར་ཁང་ནས་ཨ་ཙ་ར་གསུམ་གྱིས་བཏོན་ཏེ་བྱང་བསྒྱུད་འགྲིམ་ནས་ལ་སྟོད་བྱང་དུ་བཀའ་བབ་པས་བྱང་གཏེར་ཞེས་གྲགས་སོ། །ཞེས་སོ། །

{{#arraymap:བྱང་གཏེར་

|; |@@@ | | }}