47318

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་འོད་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་མགོར་མངའ་རིས་གུ་གེར་ཡབ་མངའ་བདག་ལྷ་ལྡེའི་སྲས་སུ་འཁྲུངས། གཞོན་དུས་ནས་རབ་ཏུ་བྱུང་། མཚན་ལ་བྱང་ཆུབ་འོད་ཅེས་སྩལ། རབ་བྱུང་དང་པོའི་མེ་གླང་ཕྱི་ལོ་ ༡༠༣༧ ལོར་ཁུ་བོ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་བཞིན་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བར་གསེར་མང་པོ་བསྐུར་ཏེ། རྒྱ་གར་དུ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་ཞུ་བར་བཏང་། རབ་བྱུང་དང་པོའི་ཆུ་རྟ་ཕྱི་ལོ་ ༡༠༤༢ ལོར་ནག་ཚོ་ལོ་ཙཱ་བས་བཀའ་ལྟར་ཇོ་བོ་རྗེ་མངའ་རིས་གུ་གེར་སྤྱན་དྲངས། ལྷ་བླ་མས་རེ་ཞུས་ལྟར་ཇོ་བོས་ཀྱང་བྱང་ཆུབ་ལམ་གྱི་སྒྲོན་མེ་ཞེས་བྱ་བའི་བསྟན་བཅོས་བརྩམས། སྐུ་ཚེའི་སྨད་དུ་པུ་རངས་པ་ཞང་ཆུང་བཙུན་གསལ་ཤེས་རབ་ལ་བཀའ་བསྒོས་ནས་ཡུལ་དབུས་ཀྱི་པཎྜི་ཏ་ཤྲཱི་བཛྲ་བོ་དྷི་དང་། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་དང་། མ་རྒྱུད་འགའ་ཞིག་ཀྱང་བསྒྱུར།
Synonyms བཙུན་པ་བྱང་ཆུབ་འོད། ལྷ་བླ་མ་བྱང་ཆུབ་འོད།

{{#arraymap:བྱང་ཆུབ་འོད་

|; |@@@ | | }}