47762

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་འབའ་རོམ་གདན་ས་མཐིལ་ (1)
Part of speech མིང་ཚིག
Definition དཔལ་མཉམ་མེད་དྭགས་པོ་རིན་པོ་ཆེས་ལུང་བསྟན་པ་བཞིན་རྒྱལ་བ་འབའ་རོམ་པ་དར་མ་དབང་ཕྱུག་མཆོག་དཔལ་དྭགས་ལྷ་སྒམ་པོ་ནས་རྟ་གཅིག་ལ་ཕྱེ་ཡ་བཞི་བཀལ་ནས་འདམ་ཀོ་སྐྱེམ་གསེར་གྱི་ལྷ་ཁང་དུ་བྱོན། རྟ་དེ་ཡང་དེར་བཙོང་སྟོན་པ་ཚུལ་ཁྲིམས་གྲགས་ཀྱིས་འཚོ་བ་དང༌། ཆ་རྐྱེན་སྦྱར་བ་ཁྱེར་ནས་བླ་མས་ལུང་བསྟན་པའི་བྱང་འབའ་རོམ་བྱ་བ། ཡུལ་ཆེན་ཏི་སེའི་གངས་རྒྱུད། ཆུ་ཆེན་གངྒཱའི་མགོ་བོ། སྡེ་ཆེན་པ་ཚབ་ཀྱིས་ཡུལ། རི་ཆེན་རྫ་མོ་སྤུངས་པ། རྫོང་ཆེན་བྲག་དམར་བསམ་ཡས། ཐང་ཆེན་ཕྱུག་མོའི་གོང་བ། རུ་ཆེན་བཞིའི་རྒྱུད་ལམ། བྱང་ཆེན་རི་ཁྲོད་རྣམ་དག །མཚོ་ཆེན་ཕྱུག་མོའི་ལྟག་པ། །ལོ་ཆེན་སྒྲ་བསྒྱུར་མར་པས། །སྟོན་ཆེན་བཤད་གྲྭ་འཛུགས་ས། །སྒོམ་ཆེན་སེང་ཁྱུའི་གྲུབ་གནས། །མཐུ་ཆེན་ནུས་པ་ལྟ་ས། །རྩམ་ཆེན་ལྷ་སྒོའི་གངས་དཀར། འཛམ་བུ་གླིང་གི་རིའི་རྒྱལ་པོ་ཡིན་པས། ཁྱད་པར་དུ་མཐོ་ལ་བརྗིད་ཆེ་བ། བྱ་རྒོད་ཀྱི་རྒྱལ་མཚན་ཕྱར་བ་དགུང་གི་ཀ་བ་འདྲ་བའི་དབྱིབས་ལེགས་པ། རྩེ་ལ་ལྷོ་སྤྲིན་འཁྲིགས་ནས། མགུལ་པར་གཡུ་ཡི་ན་བུན་འཐིབ་པ། ཡིད་འཇུག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞལ་སློབ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གངས་བ་བཟང་པོའི་ཕོ་བྲང་གནས་བཅས་པའི་རི། ལྷུན་ཆགས་པའི་དྲུང༌། བྱིན་ཆགས་པའི་ས། ཉམས་དགའ་བའི་ཡུལ། རྩམ་ཆེན་ལྷ་སྒོའི་ཞོལ། སྒྲུབ་གནས་འབའ་རོམ་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་རྫ་རིན་ཆེན་སྤུངས་པ་ལ་གཤེགས་ནས་མདོ་ཡི་བྲག་ལ་ (རྫ་རིན་ཆེན་སྤུངས་པར་ལོ་བཞི་བཞུགས། མདའི་བྲག་ལ་དགོན་བཟུང་ནས་ལོ་གསུམ། ཕོན་དུ་ལོ་བདུན་བྷ་བྲོམ་དགོན་དུ་བཞུགས། ཅེས་འགྲོ་མགོན་ཏི་རས་ཀྱིས་མཛད་པའི་འབའ་རོམ་པའི་རྣམ་ཐར་དུ་གསལ། འདི་ལ་བརྟག་ན་རབ་བྱུང་གསུམ་པའི་ས་སྟག་ཕྱི་ལོ་ ༡༡༥༨ ལོར་གདན་ས་བཏབ། (དུང་དཀར་བློ་བཟང་འཕྲིན་ལས་སོགས་ཀྱིས་ཕྱི་ལོ་༡༡༦༡ ལ་གདན་ས་བཏབ་པར་གསུངས་འདུག)དེ་ནས་བཟུང་འབའ་རོམ་བཀའ་བརྒྱུད་ཞེས་པའི་གྲུབ་མཐའ་དབུ་བརྙེས་ཏེ་དར་རྒྱས་སུ་སོང་། ཁོང་གི་གདན་ས་དབོན་རྒྱུད་རིམ་པས་བསྐྱངས། རབ་བྱུང་བཞི་པ་ས་ཕག་ཕྱི་ལོ་༡༢༣༩ ལོར་བེ་རུ་དུ་ཧོར་བྱུང་ནས་དབུས་པ་ཐམས་ཅད་མ་བདེ། བྱང་ན་ལོ་བདུན་ལ་མི་སྡེ་མེད། དཔོན་སློབ་བཅོ་ལྔ་མ་གཏོག་བཞུགས་མི་མེད་པ་བྱུང་། སྤྱིར་སྟངས་འབའ་རོམ་དགོན་དུ་དར་རྒུད་ཅི་རིགས་པ་བྱུང་ཡོད་པ་འདྲ་ཡང་དུས་ཕྱིས་སུ་སྐྱོ་བྲག་གསལ་བྱེད་རིན་པོ་ཆེས་བདག་རྐྱེན་དང་ཐུགས་ཁུར་རྒྱབ་སྐྱོར་ལ་བརྟེན་ནས་དེང་སང་གདན་ས་མ་ཉམས་པར་སྒྲུབ་བརྒྱུད་འབའ་རོམ་པའི་རྗེས་འཇུག་དགེ་འདུན་གྱི་སྡེ་དང་ཕྱི་རྟེན་གཞི་གཙུག་ལག་ཁང་སོགས་དར་རྒྱས་སུ་འགྲོ་བཞིན་ཡོད། དེང་སང་ཡང་རྫ་རིན་ཆེན་སྤུངས་པར་སྐུ་འདྲ་དང་མཆོད་ཆས་སྣ་ཚོགས་ས་ཞབས་ནས་རྙེད་དུ་ཡོད་པ་དང་བལ་ལུང་ནང་དུ་འཚམས་ཁང་གི་ཤུལ་མང་པོ་དང་མདོ་ཡི་བྲག་དམར་རྫོང་ཆེན་ལ་འདུ་ཁང་བཞེངས་་ཤུལ་རྒྱ་ཆེན་པོ་མཇལ་དུ་ཡོད་པ་བཅས་ལ་བརྟག་ན་སྔ་མོ་སྒྲུབ་བརྒྱུད་གོང་མའི་ཚང་ཆེན་རྡོལ་བའི་གདན་ས་ཁྱད་པར་ཅན་ཞིག་ཡིན་པ་བསྙོན་དུ་མེད་པར་གྲུབ། ས་གནས།

{{#arraymap:བྱང་འབའ་རོམ་གདན་ས་མཐིལ་

|; |@@@ | | }}