47776

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་རྩེ་བློ་བཟང་སྨོན་ལམ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ས་བྱ་ཕྱི་ལོ་ ༡༧༢༩ ལོར་མདོ་ཁམས་རྒྱལ་མོ་ཚ་བ་རོང་གི་སྤྲོ་ནང་དུ་ཡབ་ཨཎི་ཥ་དང་། ཡུམ་སྒྲོལ་མ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་དགའ་ལྡན་འགྲོ་ཕན་གླིང་དུ་འཛུལ། ཡི་གེའི་སྦྱོར་ཀློག་འདོན་ཆ་དང་བཅས་པར་སྦྱངས། དགུང་ལོ་བཅུ་བདུན་པར་དབུས་ཀྱི་འབྲས་སྤུངས་བློ་གསལ་གླིང་གི་ཆོས་གྲྭར་ཞུགས། བསྡུས་གཞུང་ནས་པོད་ལྔའི་གཞུང་ལ་གསན་བསམ་རྣལ་མ་མཛད། བཀའ་གདམས་བསྟན་པའི་སྒྲོན་མེ་བྱམས་པ་རིན་པོ་ཆེ་དང་། རྗེ་ཡེ་ཤེས་རྒྱལ་མཚན། ཁྲི་ཆེན་བློ་བཟང་དྲི་མེད། ཁྲི་ཆེན་བསམ་གཏན་ཕུན་ཚོགས་ལས་བཀའ་གདམས་གཞུང་དྲུག་དང་། ལམ་རིམ་བློ་སྦྱོང་། གསང་བདེ་འཇིགས་གསུམ་གྱི་དབང་ལུང་ཁྲིད་བཅས་ཟབ་ཆོས་མང་པོ་གསན། ལྷ་ལྡན་སྨོན་ལམ་ཆེ་མོའི་གྲྭ་སྐོར་མཛད། སེམས་དཔའ་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་དུའང་བཞུགས། བཞི་བཅུ་པར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས། གསང་སྔགས་ཀྱི་གཞུང་དང་། དེའི་ཆོ་ག་ཕྱག་ལེན་ཀུན་ལ་བསླབས། ཞེ་གསུམ་པར་སྨད་རྒྱུད་བླ་མ་དབུ་མཛད་ཀྱི་ཁྲི་དང་། ཞེ་བདུན་པར་རྒྱུད་པའི་མཁན་ཁྲི། ཞེ་བརྒྱད་པར་བྱང་རྩེའི་ཁྲིར་བྱོན། འཆད་ཉན་བསྐྱངས། ང་བདུན་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༧༨༥ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་བདུན་རིང་བསྐྱངས། རྟེན་གསུམ་མང་དུ་བཞེངས། ཁྲི་ཆེན་རེ་གསུམ་པ་སྐུ་ཚེ་མ་བརྟན་སྟབས་རབ་བྱུང་བཅུ་གསུམ་པའི་ཆུ་གླང་ཕྱི་ལོ་ ༡༧༩༣ ལོར་བསྐྱར་དུ་གསེར་ཁྲིར་ཕེབས། གསེར་ཁྲི་ལོ་གཉིས་རིང་བསྐྱངས། མདོ་སྔགས་ཀྱི་འཆད་ཉན་གོང་འཕེལ་གནང་། བདུན་བཅུ་པ་རབ་བྱུང་བཅུ་གསུམ་པའི་ས་རྟ་ཕྱི་ལོ་ ༡༧༩༨ ལོར་སྐུ་གཤེགས། དངུལ་གདུང་བྱང་ཆུབ་མཆོད་རྟེན་འབྲས་བློ་གླིང་དུ་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་རེ་གཉིས་པ་ཡིན།
Synonyms སྤྲོ་ནང་བློ་བཟང་སྨོན་ལམ།

{{#arraymap:བྱང་རྩེ་བློ་བཟང་སྨོན་ལམ་

|; |@@@ | | }}