4780

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲུང་ཁྲུང་ (1)
Part of speech མིང་ཚིག
Definition མགྲིན་པ་དང་རྐང་པ་ལྷག་པར་རིང་བའི་བྱ་རིགས་རིགས་ཤིག་སྟེ། གཟུགས་ཆེ་ཞིང་མཆུ་ནག་པོ་ལེབ་ཅིང་རིང་བ། རྐང་པ་ལ་མཛུབ་མོ་གོང་མཛུབ་གསུམ་དང་ཕྱི་མཛུབ་གཅིག་བཅས་བཞི་ཡོད་པའི་རྩེར་སྡེར་མོ་ལྕགས་ཀྱུ་འདྲ་བ་ཡོད། ཐོད་པ་དང་མགྲིན་པའི་སྤུ་ཐུང་ལ་འཇམ་ཞིང་མདོག་ཕལ་ཆེར་ནག་པོ་ཡིན། གཤོག་པའི་སྒྲོ་ནག་པོ་དང་དཀར་པོ་སྔོ་ཉམས་ཡོད་པ་སོགས་བྱ་སྤུ་གནོན་ཞེས་སྒྲོ་གཅིག་འོག་གཅིག་གནོན་གྱིས་མཇུག་སྒྲོའི་རྩ་བ་བར་བཀབ་ཡོད། རྒྱུན་དུ་འཚོ་གནས་བྱེད་ཡུལ་ནི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་ན་འདབ་སོགས་སུ་ཡིན་ཞིང་། ཟས་སུ་རྩྭ་འབྲུ་དང་། རྩྭའི་མྱུ་གུ། ཉ་རིགས། ལྕོང་མོ། ཆ་ག་པ་སོགས་ཟ། རྒྱུན་དུ་ན་འདབ་སོགས་ཀྱི་རྩྭ་གསེབ་སྐམ་པའི་ནང་དུ་སྒོ་ང་གཏོང་བ་ཡིན། ནམ་མཁར་འཕུར་དུས་མང་པོ་མཉམ་དུ་གྲལ་ལྟར་བསྒྲིགས་ནས་སྐད་བསྒྲགས་ཏེ་འཕུར་གྱི་ཡོད།
Keyword True
Synonyms ཀྲུང་ཀྲུང་། མགྲིན་རིང་། མཇུག་ནག མིག་སྨན་མཇུག་ཅན།

{{#arraymap:ཁྲུང་ཁྲུང་

|; |@@@ | | }}