47801

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་སེམས་ཁྱིམ་པས་མི་བྱ་བའི་ཆོས་གསུམ་ (1)
Part of speech མིང་ཚིག
Definition ༡ གཞན་གྱི་སྦྱིན་པ་ལ་མ་བོས་སམ། ཐབས་མེད་པར་མར་གྱི་སྙིང་ཁུ་ཡང་སྦྱིན་པར་མི་བྱ་བ། ༢ གཞན་ཅི་ཡང་རུང་སྟེ། སྦྱིན་པར་དཀའ་བའི་ཡོངས་སུ་གཏང་བ་སྦྱིན་པར་མི་བྱ་བ། ༣ དེས་རབ་ཏུ་འབྱུང་བའི་བར་ཆད་མི་བྱ་ཞིང་། རབ་ཏུ་མ་བྱུང་བ་ཡང་རབ་ཏུ་འབྱུང་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་མཆོད་རྟེན་གྱི་ཞལ་ཏ་བྱ་ཞིང་། ལག་དཔོན་དུ་བསྐོ་བའི་གནས་སུ་བསྐོས་ནའང་དེ་ལ་བརྟེན་ཏེ། ཡོ་བྱད་དུ་སྤྱད་པར་མི་བྱ་བའོ། །
Domain ཆོས་ལུགས།

{{#arraymap:བྱང་སེམས་ཁྱིམ་པས་མི་བྱ་བའི་ཆོས་གསུམ་

|; |@@@ | | }}

བྱང་སེམས་ཁྱིམ་པས་མི་བྱ་བའི་ཆོས་གསུམ་ (2)
Part of speech མིང་ཚིག
Definition བུད་མེད་སྨད་འཚོང་མའི་གན་དུ་འགྲོ་བར་མི་བྱ་བ། སྨྲ་སེམས་ཐ་དད་པར་སྤྱོད་པའི་སྐྱེས་པའམ། བུད་མེད་བསྟེན་པར་མི་བྱ་བ། བ་གླང་གསོད་པའི་གནས་སུ་གནས་པར་མི་བྱ་བའོ། །

{{#arraymap:བྱང་སེམས་ཁྱིམ་པས་མི་བྱ་བའི་ཆོས་གསུམ་

|; |@@@ | | }}