47812

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་སེམས་བསོད་ནམས་གྲགས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཆུ་བྱ་ཕྱི་ལོ་ ༡༢༧༣ ལོར་སྙི་མོ་ཕུན་སུམ་དུ་འཁྲུངས། དགུང་ལོ་བཅོ་བརྒྱད་པར་མཁན་པོ་དཀོན་མཆོག་སྐྱབས་དང་། སློབ་དཔོན་གཞོན་ནུ་དར་ལས་རབ་བྱུང་དང་དགེ་ཚུལ་ལྷན་ཅིག་ཏུ་མནོས། བཀའ་ཆོས་ཀྱང་གསན། ཉི་ཤུ་པར་མཁན་ཆེན་བདེ་བ་དཔལ་དང་། དཀའ་བཞི་གྲགས་པ་གཞོན་ནུ། སློབ་དཔོན་གཞོན་ནུ་དར་གསུམ་ལས་དགེ་སློང་བསྒྲུབས། དེ་དག་ལས་མངོན་རྟོགས་རྒྱན་སོགས་ཆོས་མང་དུ་གསན། སློབ་དཔོན་གཞོན་ནུ་མཛེས་ལས་ཤེར་ཕྱིན་དང་། ས་སྡེ་ལྔ། ཁྲོ་ཕུ་བའི་མན་ངག་བརྒྱ་རྩ། སློབ་དཔོན་བསོད་ནམས་ཡེ་ཤེས་ལས་ལུང་སྡེ་བཞི། དབུ་མ་འཇུག་པ། བེའུ་བུམ་སྔོན་པོ། སྐྱེས་བུ་གསུམ་གྱི་ཁྲིད། དབུ་མ་ཆེན་པོའི་ཁྲིད། མཁན་ཆེན་ཤཱཀྱ་གཞོན་ནུ་ལས་རྟ་མགྲིན་ལས་ཚོགས། བླ་མ་གྲགས་པ་ཤེས་རབ་ལས་བདེ་མཆོག་དང་ཀྱཻ་རྡོ། མཁན་པོ་ཆོས་ཀྱི་དཔལ་བ་ལས་ནག་ཚོའི་བསྟན་རིམ་དང་ཇོ་བོའི་ལྟུང་བཤགས། བླ་མ་ཀུན་དགའ་ཚུལ་ཁྲིམས་ལས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་བཅས་གསན། མངའ་རིས་སངས་རྒྱས་ཡེ་ཤེས་དང་། དཔང་ལོ་བློ་གྲོས་བརྟན་པ། སློབ་དཔོན་བསོད་ནམས་ཤེས་རབ། མཁན་ཆེན་རྒྱལ་མཚན་དཔལ། མཁན་པོ་གྲགས་པ་དཔལ། རོང་པ་ཤེས་རབ་སེང་གེ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། བླ་མ་ཀུན་དགའ་རྒྱལ་མཚན། བླ་མ་དོན་ཡོད་རྒྱལ་མཚན། བླ་མ་ཀུན་དགའ་སེང་གེ། སློབ་དཔོན་རིན་ཆེན་བསམ་གྲུབ་སོགས་སློབ་དཔོན་སུམ་ཅུ་ལྷག་ལས་དབང་ལུང་མན་ངག་མཐའ་ཡས་པ་གསན། ང་བཞི་པར་ཆོས་ལུང་པའི་མཁན་སར་ཕེབས། ཚོགས་པ་ལོ་ཉེར་བརྒྱད་བར་བསྐྱངས། བདུན་ཅུ་པ་རབ་བྱུང་དྲུག་པའི་ཤིང་བྱ་ཕྱི་ལོ་ ༡༣༤༥ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ས་སྐྱ་ཀུན་དགའ་བློ་གྲོས་དང་། དཔལ་ལྡན་བླ་མ་ཀུན་དགའ་ལེགས་པའི་རྒྱལ་མཚན། རྒྱལ་སྲས་ཐོགས་མེད་བཟང་པོ། བུ་སྟོན་རིན་ཆེན་དོན་གྲུབ། ཀུན་མཁྱེན་ཆེན་པོ་བཅས་ཡིན། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་དོན་གཉིས་པ་ཡིན།

{{#arraymap:བྱང་སེམས་བསོད་ནམས་གྲགས་པ་

|; |@@@ | | }}