47821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་སེམས་ཤེས་རབ་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཤིང་ཕག་ཕྱི་ལོ་ ༡༣༩༥ ལོར་མདོ་ཁམས་ཀརྨའི་ཕྱོགས་སུ་འཁྲུངས། གཞོན་དུས་ནས་དབུས་སུ་བྱོན་ནས་རྗེ་ཡབ་སྲས་གསུམ་གཙོས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། མཁས་གྲུབ་ཀྱི་གོ་འཕང་བརྙེས། སེ་ར་ཐེག་ཆེན་གླིང་གི་ཟུར་ཆོས་པ་མཛད། མཁས་པའི་ཚོགས་ལ་གཞུང་ཆེན་རྣམས་ཀྱི་དཀའ་གནད་དམིགས་བཀར་གྱིས་འཆད་ཁྲིད་གནང་། ཀུན་མཁྱེན་བྱང་ཆུབ་འབུམ་གྱིས་ཁམས་ཕྱོགས་སུ་ཕེབས་ཏེ། བསྟན་པ་ལ་ཕན་པ་རེ་མཛོད་གསུངས། དགའ་ལྡན་དུ་རྒྱལ་ཚབ་རིན་པོ་ཆེར་གནས་ཚུལ་ཞུས་འཕྲལ་རྒྱལ་ཚབ་ཀྱིས་ཀྱང་འབྱོན་པ་ལེགས་པའི་གསུངས་བསྩལ། རབ་བྱུང་བདུན་པའི་མེ་རྟ་ཕྱི་ལོ་ ༡༤༢༦ ལོར་ཁམས་ཕྱོགས་སུ་བྱོན། འཕྲིན་ལས་ཤིན་ཏུ་རྒྱས། ཞེ་གསུམ་པ་རབ་བྱུང་བདུན་པའི་མེ་སྦྲུལ་ཕྱི་ལོ་ ༡༤༣༧ ལོར་ཆབ་མདོ་བྱམས་པ་གླིང་ཕྱག་བཏབ། ཚོགས་པ་བསྐྱངས། ཞྭ་སེར་བསྟན་པ་དར་བར་མཛད། རེ་གསུམ་པ་ རབ་བྱུང་བརྒྱད་པའི་མེ་གླང་ཕྱི་ལོ་ ༡༤༥༧ ལོར་སྐུ་གཤེགས། རྗེའི་སློབ་མ་དར་ཆེན་དྲུག་གི་ནང་ཚན་སྨད་ཀྱི་བྱང་སེམས་ཡིན།
Synonyms སྨན་ཀྱི་བྱང་སེམས་ཤེས་རབ་བཟང་པོ།

{{#arraymap:བྱང་སེམས་ཤེས་རབ་བཟང་པོ་

|; |@@@ | | }}