47830

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་སྟོན་གཞུང་བརྒྱ་སྨྲ་བ་ཆོས་ཀྱི་དཔལ་བཟང་ (1)
Part of speech མིང་ཚིག
Definition ཁོང་ནི། ཀུན་མཁྱེན་པདྨ་དཀར་པོའི་དངོས་སློབ་ཡིན། འཁྲུངས་ཡུལ་ལ་སྟོད་གཅུང་གི་དཔལ་སྡིངས་སུ་སྐུ་བལྟམས། (ཀུན་མཁྱེན་ཆེན་པོའི་འཁྲུངས་ལོ་རབ་བྱུང་དགུ་པའི་མེ་ཕག་ ༡༥༢༧ སྐུ་བལྟམས། ) གཞོན་ནུ་ནས་རབ་ཏུ་བྱུང༌། སྨན་དཔྱད་མཁས་པར་མཁྱེན། གཉན་ཡོད་བྱར་གཤོངས་སུ་མདོ་ཕྱོགས་ཀྱི་གསན་པ་མཐར་ཕྱིན་མཛད། སྟོན་བཟང་གི་གྲགས་པ་ཐོབ། སྔགས་རྙིང་མའང་དུ་མ་གསན། དེ་ནས་ཀུན་མཁྱེན་རྒྱལ་བའི་དབང་པོ་ཉིད་ཀྱི་ཞབས་ལ་གཏུགས། སྤྱན་སྔར་བཞུགས་ནས་གསན་པ་མཐར་བསྐྱལ། གྲུབ་མཐའི་གནད་ཐམས་ཅད་ལ་མཁས་པར་སྦྱངས། མདོ་ཕྱོགས་ཀྱི་བཤད་པའི་བཀའ་བབ་གཏད། མཚན་ཉིད་ཀྱི་འཆད་ཉན་ལོ་བཅུ་དྲུག་བསྐྱངས། དགེ་བའི་བཤེས་གཉེན་རགས་ལ་མང་བ་ཐོན། གྲྭ་ཚང་འདི་ལ་བཀའ་རབ་འབྱམས་སྨྲ་བ་མང་པོ་དང༌། དགེ་འདུན་བཞུགས་གནས་ཁྲ་ཕུང་བ་ཞིག་མ་བྱུང་རིང་ཀུན་སྤངས་མི་བྱེད་ཅེས་ཞལ་གྱིས་བཞེས་པས། ཐམས་ཅད་མཁྱེན་པ་ཆེན་པོ་ལྷག་པར་མཉེས། རྣམ་ཐར་ཐུགས་རྗེ་ཆེན་པོའི་ཟློས་གར་སོགས་བསྟན་བཅོས་མང་པོའི་ཞུ་བ་པོའང་ཡིན། གསུང་ཟིན་བྲིས་མང་དུ་མཛད། གྲྭ་ཚང་ལ་བཞུགས་ནས་ཇི་སྐད་གསུང་བ་བཞིན་བྱུང་ནས་མཐར་ཀུན་སྤངས་མཛད། ཆུ་དབར་དང་མཁའ་འགྲོ་རོལ་བ་གླིང་སོགས་དབེན་པ་བསྟེན། རྟོགས་པ་མངོན་དུ་གྱུར། ཉི་མ་ལ་སྟོད་ཀྱི་ཕྱོགས་སུ་བྱང་པ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་པ་ཁུ་དབོན་བཙུན་མོ་དང་བཅས་པས་ཏི་ཤྲིར་བཀུར། ཁམས་རི་བོ་ཆེ་ནས་རྗེ་དྲུང་འགྱུར་མེད་བདེ་ཆེན་སོགས་དགེ་བའི་བཤེས་གཉེན་ཆེ་དགུས་གཏུགས། ལྷོ་བྱང་ལྷུན་རྩེ་རྣམས་སུ་ཕྲིན་ལས་བསམ་གྱིས་མི་ཁྱབ་བོ། །

{{#arraymap:བྱང་སྟོན་གཞུང་བརྒྱ་སྨྲ་བ་ཆོས་ཀྱི་དཔལ་བཟང་

|; |@@@ | | }}