47881

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་ཆེན་ལྷ་མོའི་ཆོ་གའི་ལོ་རྒྱུས་ (1)
Part of speech མིང་ཚིག
Definition སོག་ཁ་བོན་གྱི་འབྱུང་གནས་རྟག་གཟིགས་འོལ་མོ་གླིང་དུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས་ནས། མཛད་པ་བཅུ་གཉིས་ཀྱི་འཕྲིན་ལས་སྤེལ་བའི་ཁོངས་སུ་བསྟན་པ་རྗེས་བཞག་གི་དུས་སུ་བྱམས་ཆེན་ལྷ་མོའི་ཆོ་ག་འདི་ཉིད་སྤེལ་ཡོད། ཡ་ཐོག་འོལ་མོ་ལུང་རིང་གི་བྱང་ནུབ་ཀྱི་ཞིང་ཁམས་ཡུལ་སྣང་ལྡན་འབུལ་གླིང་། གྲོང་ཁྱེར་ན་ར་ཛཱ། སྐུ་མཁར་སྨོན་པ་ཡང་རྩེ་ཡི་མངའ་བདག་གཉན་གྱི་རྒྱལ་པོ་བསམ་ལྡན་རྒྱལ་བ་དང་། བཙུན་མོ་ཁྲི་མ་འབུམ་སྐྱོང་གཉིས་ལ་སྲས་ལྕམ་དྲལ་གཉིས་བལྟམས་པས། རྒྱལ་སྲས་མཚན་ལ་གཞོན་ནུ་བློ་གྲོས་ཞེས་གསོལ་ཡོད། རྒྱལ་སྲས་ནི་ཆུང་ནས་ཤེས་རབ་ཆེ་ཞིང་ཡིད་གཞུང་དྲང་བ། རྣམ་དཀར་དགེ་ཕྱོགས་ལ་མཉེས་མཁན་ཞིག་བྱུང་སྟེ། གཞོན་ནུ་ལོ་བཅུ་དྲུག་ནས་རྒྱལ་ས་རུ་ཕྱུང་ཡང་། ངེས་འབྱུང་གི་བློས་བསྐུལ་ནས། འཁོར་བ་ལས་ཐར་བའི་ཐབས་ཞིག་བཙལ་བར་དགོངས་ནས། ཡབ་ཡུམ་ལ་ཞུ་བས་ཡབ་ཡུམ་སོགས་ཀྱིས་དེ་ལྟར་མ་འདོད་དེ། ཡབ་རྒྱལ་པོ་སོགས་ཀྱིས་དགེ་སྒྲུབ་ལས་སོགས་བགྱིས་པ་ལོས་ཡིན་མོད། དགེ་བ་བྱེད་ན་ཐུན་མོངས་ནས་དགེ་སྟོབས་ཆེན་པོ་ཞིག་བྱེད་ཆོག་རང་ཉིད་གཅིག་པུ་དབེན་གནས་བཅར་ནས་དགེ་སྦྱོར་དེ་འདྲ་བྱེད་ན་མི་ལེགས་ཚུལ་བཀའ་སློབ་ལམ་སྟོན་གནང་བར་བརྟེན། རྒྱལ་བུ་ཡང་ཡབ་རྒྱལ་པོ་སོགས་ཀྱིས་གསུངས་པ་ལྟར། ཐུན་མོངས་དགེ་རྩའི་ཆེད་ཁྱད་འཕགས་ཀྱི་གསས་ཁང་ཞིག་བཞེངས་འགོ་བརྩམ་སྟེ། རྒྱལ་བུ་ནི་སྲིད་པ་སྐོས་ཀྱི་ཡུལ་དུ་ཕྱིན་ཏེ། བཀོད་མཁན་ནི་སྐོས་རྗེ་དྲང་དཀར་གྱི་སྲས་སྐོས་པ་སྣང་ལྡན་བྱ་བ་དེ་རྒྱལ་ཁབ་ཏུ་ཕྱིན་པར་ཞུས་ཡོད། སྐོས་པ་སྣང་ལྡན་དང་རྒྱལ་བུ་བཅས་ཕོ་བྲང་ཕྱི་རོལ་དུ་ས་བཙལ་བས། ཡུལ་དེའི་བྱང་ཤར་ན་པྲ་ལྟས་དང་རྟེན་འབྲེལ་འཛོམས་པའི་ས་ཞིག་རྙེད་དེ། ས་གནས་དེར་རྒྱལ་བུས་མཐུན་རྐྱེན་སྒྲུག་ཞིང་སྐོས་པ་སྣང་ལྡན་གྱིས་བཀོད་ནས་དགུང་ཟླ་གསུམ་གྱི་མགོ་གཞུག་ལ་གསས་ཁང་ལེགས་གྲུབ་བྱུང་བ། མིང་ཡང་བཀྲ་ཤིས་དཔལ་འབར་ལྷུན་པོ་བརྩེགས་ཞེས་བཏགས། དེའི་ཚེ་ཡབ་རྒྱལ་པོས་གསས་ཁང་ནི་བཀྲ་ཤིས་བྱིན་ཆེ་ཕྱིར་སྟོན་པའི་སྒྲོན་མེ་སྤྱན་འདྲེན་ནས་མངའ་དབུལ་ཞལ་བསྲོ་སོགས་དགོས་པར་གསུངས་པར་བརྟེན། རྒྱལ་བུ་ཡང་སྟོན་པའི་སྒྲོན་མེ་གདན་འདྲེན་དུ་ཕྱིན་ནས། སྟོན་པའི་སྒྲོན་མེ་ཡིས་གསས་མཁར་ཁྲི་སྨོན་རྒྱལ་བཞད་ན་འཁོར་རྣམས་ལ་རྒྱུ་འབྲས་བོན་བསྟན་ནས་བཞུགས་པས། རྒྱལ་བུ་སྟོན་པའི་དྲུང་དུ་འཁོད་ནས་ཞེ་ས་བཅས་ཕུལ་ཏེ་སྟོན་འཁོར་བཅས་རྒྱལ་ས་རུ་སྤྱན་འདྲེན་ཞུ་ཐུབ་བྱུང་སྟེ། རྒྱལ་འབངས་ཡོངས་ནས་མཆོད་སྤྲིན་ཟབ་རྒྱས་ཀྱིས་སྣེ་བསུ་ཡོད། དེའི་ཚེ་དེའི་དུས་ན། སྟོན་པས་གསས་ཁང་གི་རྟེན་བཞེངས་རྣམས་སྔགས་དང་ཏིང་འཛིན་གྱི་སྒོ་ནས་བྱིན་གྱིས་རློབས་པའོ། དེ་བཞིན་ཕྱི་རབས་གང་ཟག་དཔེ་བསྟན་ཕྱིར་མངའ་དབུལ་ཞལ་བསྲོ་ཆེད་ཆོ་ག་འདི་ཉིད་ཞུ་འཁོར་རྣམས་ཀྱིས་ཞུ་བར་བརྟེན་རིམ་པས་གཏན་ལ་ཕོབ་ཡོད། ཆོ་ག་འདི་ཉིད་ཕྱེས་སུ་དུས་རབས་བཅུ་བཞིའི་ནང་སྤྲུལ་སྐུ་བློ་ལྡན་སྙིང་པོ་(ཕྱི་ལོ་1360)ལ་སྙན་དུ་རྒྱུད་ཡོད།

{{#arraymap:བྱམས་ཆེན་ལྷ་མོའི་ཆོ་གའི་ལོ་རྒྱུས་

|; |@@@ | | }}