47885

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་ཆོས་ལྔའི་ཁྲིད་ (1)
Part of speech མིང་ཚིག
Definition བྱམས་ཆོས་ལྔའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཉེར་གསུམ་པ་ཡིན། བརྗོད་བྱ། འདིར་ནི་རྗེ་བཙུན་བྱམས་པའི་མཛད་པའི་རྒྱན་རྣམ་གཉིས། འབྱེད་རྣམ་གཉིས་ཏེ་བྱམས་པའི་ཆོས་སྡེ་བཞི་དང་། ཐེག་ཆེན་རྒྱུད་བླ་མར་ཆོས་སྡེ་བཞིའི་སྙིང་པོ་རང་བཞིན་འོད་གསལ་རྡོ་རྗེའི་གནས་བདུན་དཔེ་དགུས་རྒྱས་པར་འཆད་པ་རྣམས་ལམ་གྱི་རིམ་པ་སྙིང་པོ་དྲིལ་དེ་སྒོམ་པའི་རིམ་པར་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཐུབ་དབང་བྱམས་མགོན་ཐོགས་མེད་དབྱིག་གི་གཉེན། བློ་གྲོས་བརྟན་པ་རིག་པའི་ཁུ་བྱུག་དང་། སློབ་དཔོན་མཆེ་བའི་སྡེ་དང་བཟང་པོའི་ཞབས། དཱི་པཾ་ཀ་ར་གངྒཱ་དྷ་རའི་མཚན། པུཎྱ་ཤྲི་དང་ཁ་ཆེ་དགོན་པ་བ། བྲམ་ཟེ་སཾ་གྷ་ཁ་ཆེ་ཛྙཱ་ན་ཤྲཱི། བློ་ལྡན་ཤེས་རབ་བ་རེག་ལོ་ཙཱ་བ། བ་རེག་སྟོན་སྐྱབས་སྐྱེས་བུ་ཡོན་ཏན་དགའ། བཀྲ་ཤིས་རྡོ་རྗེ་གདོང་ཁྲི་འདུལ་བ་འཛིན། ཉང་སྟོན་དཀོན་རྡོར་འཇམ་དབྱངས་དར་མ་འོད། བག་སྟོན་གཞོན་ཚུལ་ཚུལ་རྒྱལ་སྤང་སྟོན་པ། མཁས་མཆོག་གཡག་རོང་གཉིས་དང་དོན་ཡོད་དཔལ། རྭ་སྟོན་ཡོན་ཏན་ཀུན་དགའ་མཆོག་གྲུབ་རྗེ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། བཅོམ་ལྡན་རིག་པའི་རལ་གྲིའི་དཔེ་ལས་ཅུང་ཟད་ཙམ་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:བྱམས་ཆོས་ལྔའི་ཁྲིད་

|; |@@@ | | }}