47956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་ལྡན་གྱི་ཆོ་ག་ (1)
Part of speech མིང་ཚིག
Definition དམུ་གཤེན་ལྷ་ཡི་གདུང་ལས་མཆེད་པའི་བོན་གྱི་སྟོན་པ་གཤེན་རབ་མི་བོ་མཆོག་ནི། འཛམ་གླིང་བོན་གྱི་འབྱུང་གནས་རྟག་གཟིགས་འོལ་མོ་ལུང་རིང་། རྒྱལ་མཁར་བར་བོ་སོ་བརྒྱད་དུ། ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྐུ་སྲས་སུ་(ཕྱི་ལོའི་སྔོན་༡༦༠༡༧-༧༨༡༧)འཁྲུངས་ཡོད། དེ་ནས་རིམ་པས་ཞང་བོད་རིག་གནས་ཀྱི་གྲུབ་ཆ་བརྩམ་པའི་མཛད་པ་བསམ་ལས་འདས་པ་ཞིག་མཛད་གནང་ཡོད། དེ་དག་གི་ཁོངས་སུ་འདུས་པའི་བྱམས་ལྡན་གྱི་ཆོ་ག་འདི་ནི། ཐོག་མ་སྟོན་པ་ཐུགས་རྗེ་ཅན་དེས་འོལ་མོ་ལུང་རིང་གི་ཤར་ཕྱོགས་གཅན་གཟན་འཁྲོ་བའི་གླིང་། མི་ཁྱུད་བདལ་བའི་རྒྱ་མཚོའི་འགྲམ། ཁྱི་ན་ཙུག་གི་ཡུལ་དུ་རྒྱལ་པོ་སིང་ང་ར་ཙ་ཡི་འགྲོ་དོན་ལ་ཕེབས་སྐབས། དེར་འཚོགས་པའི་འཛམ་གླིང་རྒྱན་དྲུག་བཅས་ལྷ་ཀླུ་མི་གསུམ་གྱི་བཟོ་བོ་རྣམས་ལ་སྟོན་པས་གསས་ཁང་བ་གམ་ལྷ་རྩེ་བཞེས་པའི་བཀའ་སྩལ་གནང་བས། སངས་རྒྱས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། རྒྱལ་བུས་འབྱོར་བའི་བསོད་ནམས་བསགས་པ་དང་། ལྷ་ཀླུ་མི་གསུམ་གྱི་བཟོ་བོའི་འཕྲུལ་རྩལ་ལ་བསྟེན་ནས། གསས་ཁང་དེ་ལེགས་གྲུབ་བྱུང་ཞིང་། དགའ་སྟོན་གྱི་མཆོད་པ་ཡང་རྒྱ་ཆེན་པོ་ཞིག་བྱས་ཡོད། དེའི་ཚེ་དེའི་དུས་ན། འཁོར་གྱི་དམ་པ་ནང་ནས་གཤེན་ཚངས་པ་གཙུག་ཕུད་ཀྱིས། རྒྱན་དང་ཆ་ལུགས་མཛེས་པ་བྱས་ནས་སྟོན་མཆོག་ལ་གུས་པའི་ལུས་ཀྱིས་པུས་མོ་བཙུགས། ཕྱག་གིས་ཐལ་མོ་ལེགས་སྦྱར་ནས་ཞུ་བ་གསོལ་སྟེ། ཞུ་དོན་ནི། གསས་ཁང་གྲུབ་པའི་དགྱེས་སྟོན་ནི་ཤིན་ཏུ་རྒྱ་ཆེ་སྟེ། མཐའ་རུ་གནས་པའི་མངའ་དབུལ་རབ་གནས་ཞིག་མཛད་པར་གསོལ་བས། དེ་ལ་སྟོན་པས་ཀྱང་བཀའ་སྩལ་གནང་བས། འཁོར་གྱི་དམ་པ་ཁྱེད་རྣམས་ནི་ཐེག་པ་མཛོད་འཛིན་གྱི་གཤེན་པོ། ལས་རྒྱུ་འབྲས་ཀྱི་ཤན་འབྱེད། དགེ་སྡིག་གི་དཔང་འཛུགས། བསྟན་པའི་སྲོལ་འཛིན་ཡིན་པས། ཁྱེད་ཀྱིས་ཞུས་སམ་གསོལ་བ་དེ་ནི་ཤིན་ཏུ་ཡང་ལེགས་སོ་ཞེས་གསུངས་ནས་མངའ་དབུལ་རབ་གནས་ཀྱི་རྫས་དང་ཡོ་བྱད་ཅི་དགོས་བཀའ་གནང་སྟེ། འཁོར་རྣམས་ཀྱི་རྫས་སོགས་བསགས་ཞིང་སྟོན་པས་ཀྱང་སྔོན་འགྲོ། དངོས་གཞུང་། རྗེས་བྱ་དང་གསུམ་ཚང་བའི་བྱམས་ལྡན་གྱི་ཆོ་ག་འདི་ཉིད་སྤེལ་ནས། མཐར་དགེ་མཚན་གྱི་མཚན་མ་འཇིག་རྟེན་ཁམས་སུ་ཁྱབ་པའི་རྟེན་འབྲེལ་གྱི་ངང་ནས་ལེགས་གྲུབ་བྱུང་བས་སོ། །ཆོ་ག་འདི་ཡང་ཕྱེས་སུ་དུས་རབས་བཅུ་བཞི་བའི་ནང་སྤྲུལ་སྐུ་བློ་ལྡན་སྙིང་པོ་(ཕྱི་ལོ་༡༣༦༠)ལ་སྙན་དུ་རྒྱུད་ཡོད། ལོ་རྒྱུས་འདི་ནི་རོབ་ཙམ་ཞིག་བྲིས་པ་ལས། རྒྱས་པོ་མཛད་(མདོ་དྲི་མེད་གཟི་བརྗིད་)པོད་བཞི་ལས་གསལ་ཡོད།

{{#arraymap:བྱམས་ལྡན་གྱི་ཆོ་ག་

|; |@@@ | | }}