48544

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲག་གཡབ་རྟོགས་ལྡན་འཇམ་དབྱངས་བློ་གྲོས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ས་བྱི་ཕྱི་ལོ་ ༡༨༨༨ ལོར་མདོ་སྨད་རྨེ་སྟོད་བྱང་དཀར་དུ་ཡབ་དར་རྒྱས་དང་། ཡུམ་ལོ་ཡག་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། བཅུ་གཉིས་ནས་བཅུ་དྲུག་བར་ཆོས་འདོན་དུ་བྱོན། བཅུ་བདུན་པར་གྲུབ་ཆེན་བསྟན་པའི་རྒྱལ་མཚན་ལས་རབ་ཏུ་བྱུང་། མཚན་ལ་ངག་དབང་ཡེ་ཤེས་ཞེས་གསོལ། ཉེར་གཉིས་པར་རྒྱལ་བ་བློ་བཟང་ཆོས་ཉིད་ལས་ཟབ་ཆོས་མང་དུ་ཞུས། མཚན་ལ་འཇམ་དབྱངས་བློ་གྲོས་ཞེས་གསོལ། ཉེར་གསུམ་པར་དབུས་སུ་ཕེབས། འབྲས་བློ་གླིང་གི་ཆོས་གྲྭར་ཞུགས། གཞུང་ཆེན་ལྔ་ལ་གསན་བསམ་གནང། ཏྲེ་ཧོར་བློ་བཟང་སྦྱིན་པ་དང་། མི་ཉག་འཇམ་དཔལ་བློ་གྲོས། གསེར་ཁང་བྱམས་པ་བསྟན་འཛིན་རྒྱ་མཚོ་སོགས་ལས་མདོ་སྔགས་མང་པོ་གསན། ཕ་བོང་ཁ་བྱམས་པ་བསྟན་འཛིན་རྒྱ་མཚོ་ལས་བསྙེན་པར་རྫོགས། རྟག་བརྟན་རི་ཁྲོད་ཨེ་གསང་ཕུག་ཏུ་བྱ་བྲལ་ལ་ཕེབས། ཉམས་ལེན་ལ་ཐུགས་བརྩོན་གནང་། སོ་ལྔ་པར་མདོ་སྨད་དུ་དཔའ་ཤོད་དགོན་དུ་བྱོན། གཞུང་ཆེན་བཀའ་པོད་ལྔའི་འཛིན་གྲྭ་བཙུགས། གཙུག་ཕུར་རི་ཁྲོད་གསར་དུ་ཕྱག་བཏབ། ང་བཞི་པ་བ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༩༤༡ ལོར་སྐུ་གཤེགས། གསུང་རྩོམ་ནི་ལྷག་མཐོང་ཆེན་མོའི་དཀའ་གནད་རིན་ཆེན་ཕྲེང་བ་དང་། ཉམས་མགུར་གྱི་ཚོགས་ཐབས་ཤེས་གསང་བའི་བང་མཛོད། ལྷག་མཐོང་ཆེན་མོའི་དཀའ་གནད་ཀྱི་འགྲེལ་བ་རིག་ལྕགས་ཐུར་བཅས་ཆོས་ཚན་དྲུག་ལོངས་པའི་པོད་གཅིག་བཞུགས།

{{#arraymap:བྲག་གཡབ་རྟོགས་ལྡན་འཇམ་དབྱངས་བློ་གྲོས་

|; |@@@ | | }}