48575

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲག་མགོ་དགོན་རབ་རྒྱས་ཕུན་ཚོགས་ (1)
Part of speech མིང་ཚིག
Definition འདབ་པ་མ་ར་ཡུལ་ཤོག་ནང་དུ་ཡོད་པའི་སྟག་ལུང་པའི་གྲུབ་མཐའ་འཛིན་པའི་དགོན་སྡེ་ཞིག་ཡིན་ཞིང་། ཕྱི་ལོ་ ༡༤༤༣་ཙམ་ལ་སྟག་ལུང་པའི་གདན་རབས་བཅུ་གཅིག་པ་ཆོས་རྗེ་བྱང་ཆུབ་རྒྱ་མཚོས་མདོ་ཁམས་དགོན་སྡེ་ལྔ་བཏབ་པའི་ཡ་གྱལ་ཞིག་ཡིན། དགོན་པ་ཆགས་སའི་ས་འོག་ཏུ་བྲག་དཀར་པོ་བྱ་རྒོད་ལངས་འདྲ་ཞིག་ཡོད་པས་བྲག་མགོ་དགོན་ཞེས་ཐོག་པར་གྲགས། གླ་འོ་རིན་པོ་ཆེས་མཛུབ་སྟོན་འོག་དགོན་པའི་ཆགས་ཡུལ་གནས་སྤོས་ནས་གྲོང་སྡེ་དང་ཁ་རིང་ཙམ་བྲལ་ཏེ། བལ་ལུང་དུ་ནང་བཅུད་སྔོན་ཡོད་ལ་ཕྱི་སྣོད་གསར་བཞེངས་གནང་ཚུལ་འདུག། དགོན་འདིར་འདུས་སྡེ་འཕེལ་རྒྱས་རྩེར་སོན་སྐབས་དགེ་འདུན་པ་བརྒྱ་དང་དྲུག་ཅུ་ལྷག་ཙམ་བྱུང་མྱོང་བ་དང་། ཕྱི་ལོ་ ༡༩༩༡ ལོར་སྟག་ལུང་པའི་གདན་རབས་སོ་གསུམ་པ་རྩེ་སྤྲུལ་ཐུབ་བསྟན་རྒྱལ་མཚན་གྱིས་བཀའ་དགོངས་དང་མཐུན་འགྱུར་འོག། རྣམ་རིག་གྲུང་པའི་གྲྭ་པ་གསུམ་སྟག་ལུང་གདན་ས་རུ་རྒྱུད་སྡེའི་ཕྱག་ལེན་སོགས་ལོ་གསུམ་སྦྱང་པ་མཛད་དེ་ཕྱིར་གཞིས་དགོན་དུ་ཕེབས་པས་འཕན་ནུས་ཆེན་པོ་བྱུང་བར་གླེང་། དེང་སྐབས་བླ་གྲྭ་བཞི་བཅུ་ཙམ་གྱིས་བསྟན་པ་ཚུལ་བཞིན་འཛིན་གྱིན་ཡོད་པ་བཅས་སོ། །

{{#arraymap:བྲག་མགོ་དགོན་རབ་རྒྱས་ཕུན་ཚོགས་

|; |@@@ | | }}