48600

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲག་ལུང་ངག་དབང་མཁས་གྲུབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་ཕྱི་ལོ ༡༧༡༡ ལོར་ཨ་མདོ་གཅན་ཚའི་རི་ལམ་རྨ་འགྲམ་དུ་འཁྲུངས། ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་མཁན་ཆེན་ཡེ་ཤེས་རྒྱལ་མཚོ་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་ཆུང་དུས་ནས་བྱ་ཁྱུང་དགོན་ཞུགས། དབུ་ཕར་གཉིས་ལ་སྦྱངས། དབུས་ཀྱི་སེར་བྱེས་གྲྭ་ཚང་དུ་ཕེབས། གཞུང་ལྔ་ལ་ཐུགས་བརྩོན་མཛད། གླིང་བསྲེའི་མཚན་བཏགས་བཞེས། རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་ལས་བཀའ་ཆོས་མང་པོ་མནོས། དཔལ་འཁོར་ཆོས་སྡེའི་མཁན་ཁྲི་ལོ་བདུན་ལ་བསྐྱངས། གཞུང་ས་མཆོག་ནས་པཎྜི་ཏ་ཧོ་ཐོག་ཐུ་མཁན་པོ་ཞེས་པའི་ཆོ་ལོའི་གཟེངས་བསྟོད་དང་། རྒྱ་ཕིབས་དང་། ཇོ་བོ་ལོ་ཀི་ཤྭ་རའི་སྐུ་བརྙན། ས་སྐྱ་གྲགས་པ་རྒྱལ་མཚན་གྱི་ཐུགས་དམ་རྟེན་ཐུབ་པ་གྲོང་ཁྱེར་མའི་ལི་སྐུ་ཁྱད་འཕགས་ཅན་བཅས་སྤྱན་དྲངས་ཏེ། རབ་བྱུང་བཅུ་གཉིས་པའི་ཤིང་བྱི་ཕྱི་ལོ ༡༧༤༤ ལོར་བྱང་ཁྱུང་དགོན་དུ་ཕེབས། རབ་བྱུང་བཅུ་གསུམ་པའི་ས་འབྲུག་ཕྱི་ལོ ༡༧༤༨ ལོར་བྱ་ཁྱུང་དགོན་པའི་མཁན་ཁྲིར་བྱོན། རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ཕྱི་ལོ ༡༧༤༩ ལོར་ལྕང་སྐྱ་རོལ་བའི་རྡོ་རྗེ་བྱ་ཁྱུང་དུ་གདན་དྲངས། ཚོགས་ཆེན་ལ་ཉམས་མགུར་གྱི་བཤད་ལུང་གནང་། དབུས་བཟོས་དུང་ཆེན་དངུལ་གྱི་ཚིགས་རྒྱན་ཅན་ཡང་ཆོས་སྡེ་འདིར་གནང་། གདན་ས་ལོ་བཅུ་གསུམ་རིང་བསྐྱངས། རེ་བཞི་པ་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་ཕྱི་ལོ ༡༧༧༣ ལོར་སྐུ་གཤེགས། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་སོ་བདུན་པ་ཡིན།

{{#arraymap:བྲག་ལུང་ངག་དབང་མཁས་གྲུབ་རྒྱ་མཚོ་

|; |@@@ | | }}