49008

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་ཆེན་ཡོན་ཏན་གཟུངས་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་མེ་རྟ་ཕྱི་ལོ་ ༡༡༢༦ ལོར་ཡབ་ཉི་བོའི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཅིག་པར་ཐོས་བསམ་མཛད། བཅུ་གསུམ་པར་ཁུ་པོ་ལྕེ་སྟོན་རྒྱ་ནག་ལས་བཀའ་བསྐྱེད་རྫོགས་གསུམ་གྱི་རྒྱུད་ལུང་མན་ངག་ཀུན་ལ་སློབ་གཉེར་གནང། ཉེར་བཞི་པར་གདན་ས་བསྐྱངས། དབུས་པ་སྟོན་ཤཱཀ་དང་དབུས་པ་ཞིག་པོ་གཉིས་ལས་སློབ་གཉེར་རྫོགས་པར་མཛད། མཚམས་ལ་བཞུགས་བཞིན་ལོ་བཅོ་བརྒྱད་རིང་གདན་ས་བསྐྱངས། སློབ་མ་མང་པོ་བསྐྱངས། བདུན་ཅུ་པ་རབ་བྱུང་གསུམ་པའི་ཤིང་ཡོས་ཕྱི་ལོ་ ༡༡༩༥ ལོར་སྐུ་གཤེགས། སློབ་མ་ནི་ཞིག་པོ་བདུད་རྩི་དང་། སྟོན་པ་བླ་སྐྱབས། དབུས་པ་ཇོ་བསོད། སྙེ་སྟོན་ཉི་མ་རྡོ་རྗེ། མེས་སྟོན་མགོན་པོ། དཔྱལ་ཀུན་དགའ་རྡོ་རྗེ་བཅས་ཡིན།
Synonyms རྗེ་ལྷ་ཁང་པ།

{{#arraymap:བླ་ཆེན་ཡོན་ཏན་གཟུངས་

|; |@@@ | | }}