49193

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་སྒྲུབ་རྟེན་འབྲེལ་རོ་སྙོམས་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། བླ་སྒྲུབ་རྟེན་འབྲེལ་རོ་སྙོམས་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གོ་བརྒྱད་པ་ཡིན། བརྗོད་བྱ་ནི། བླ་མ་སྐུ་གསུམ་དུ་སྒོམ་པ། རྟེན་འབྲེལ་ཅིག་ཆོད་མའི་ཉམས་ལེན། རོ་སྙོམས་ཀྱི་ཉམས་ལེན། གདོན་ཐུལ་ལམ་ཁྱེར་ཉམས་ལེན། འཆི་བ་ལམ་དུ་ཁྱེར་བའི་ངོ་སྤྲོད་རྣམས་ཀྱི་རིམ་པ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། མར་པ་མི་ལ་དྭགས་པོ་ཕག་གྲུ་རྗེ། ཏེ་ཕུ་པ་དང་རས་ཆུང་རྡོ་རྗེ་གྲགས། རྒྱལ་པ་ལོ་དང་སུམ་པ་གླིང་རྗེ་རས། སངས་རྒྱས་རབས་བདུན་དབོན་རས་དང་མ་སེང་། གཞོན་ནུ་སེང་གེ་ཉི་མ་སེང་གེ་དང་། ཤེར་སེང་སྦོས་སྐྱ་རིན་ཆེན་སེང་གེ་པ། སེང་གེ་རྒྱལ་པོ་འཇམ་དབྱངས་ཀུན་སེང་དང་། རྡོ་རྗེ་རིན་ཆེན་འཇམ་དབྱངས་བློ་གྲོས་སེང་། མཁྱེན་བརྩེ་རྟོགས་ལྡན་ནམ་མཁའི་རྣལ་འབྱོར་པ། རྒྱལ་དབང་ཤཱཀ་འཕེལ་ངག་དབང་ཆོས་ཀྱི་རྒྱལ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། སྒྲོལ་བའི་མགོན་པོ་རྗེ་བཙུན་འཕྲིན་ལས་དབང་། རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་དང་། ཀུན་བཟང་དབང་པོ་རྣམས་ལ་གསོལ་བ་འདེབས། ཆོས་དབྱིངས་ཆོས་འབྱོར་མཐུ་སྟོབས་དཔའ་བཟང་དང་། ལྕགས་ཟམ་སྤྲུལ་སྐུ་བསྟན་སྐྱོང་མཁྱེན་བརྩེའི་དབང་། ཡོན་ཏན་རྒྱ་མཚོ་འཁོར་ལོ་བདེ་ཆེན་མཚན། སྟོབས་ལྡན་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཚེ་ནོར་ཆོས་འབྱོར་ཀརྨ་འགྱུར་མེད་དང་། ཚེ་དབང་པད་སྤྲུལ་བློ་གྲོས་མཐའ་ཡས་དང་། ངག་དབང་བློ་གྲོས་བདེ་ཆེན་རྡོ་རྗེ་དང་། བློ་བཟང་ཕྱོགས་གླང་རྣམས་ལ་གསོལ་བ་འདེབས། མཁྱེན་རབ་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། ཡོན་ཏན་བཟང་པོ་མཁན་ཆེན་ཤེས་རབ་གསལ། ཐུགས་རྗེ་དཔལ་བཟང་པདྨ་རྣམ་པར་རྒྱལ། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། དཔལ་ལྡན་འབྲུག་པའི་ཁྲིད་དཔེ་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:བླ་སྒྲུབ་རྟེན་འབྲེལ་རོ་སྙོམས་ཀྱི་ཁྲིད་

|; |@@@ | | }}