49201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་དཀྱིལ་དུ་ཀོང་པོར་འཁྲུངས། ཆུང་དུས་ནས་ཀོང་པོ་ཆབ་དཀར་དགོན་གྱི་ཆོས་སྒོར་ཞུགས། དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་མནོས། ཡི་གེའི་སྦྱོར་ཀློག་དང་། རིག་གནས་ཆུང་ཀུན་ལ་སློབ་གཉེར་མཛད། དབུས་ཀྱི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་ཕེབས། གསོ་རིག་གཞུང་ཐུགས་བརྩོན་ལེགས་པར་མཛད། མཁས་པ་ཆེན་པོར་གྱུར། རྒྱལ་བ་བཅུ་གསུམ་པ་དང་། དེ་མོ་རྒྱལ་ཚབ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་རྣམ་གཉིས་ཀྱི་བླ་སྨན་གཞོན་པ་མཛད། ཞོར་དུ་ལྕགས་རི་རིག་བྱེ་འགྲོ་ཕན་གླིང་གི་སློབ་ཁྲིད་པའི་ཐུགས་འགན་ཁུར། གསོ་བ་རིག་པའི་སྨྲ་བའི་སློབ་མ་མང་དུ་བསྐྱངས། ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་དཔལ་ལྡན་རྒྱུད་བཞི་དང་། བཻ་སྔོན། མན་ངག་ལྷན་ཐབས། ལྡེའུ་མིག གཡུ་ཐོག་བེའུ་བུམ། གཡུ་ཐོག་སྙིང་ཐིག་གི་ཆོ་ག སྨན་སྒྲུབ། སྦྱིན་བསྲེག དབང་ཆོག་བདུད་རྩིའི་ཆུ་རྒྱུན། མདངས་བསྐངས་འོད་ཀྱི་དྲྭ་བ། གསོལ་ཁ་མྱུར་མགྱོགས་གློག་གི་སྤུ་གྲི དམ་ཅན་སྡེ་དགུའི་མངོན་རྟོགས་བཅས་ཀྱི་དཔར་ཤིང་བརྐོས། དཔར་ཁང་ཡང་བཞེངས། དེ་མོ་རྒྱལ་ཚབ་ཀྱི་དོན་རྐྱེན་གྱིས་བོད་གཞུང་གིས་འབྲུག་ཡུལ་སྤྱུགས། ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་སྨན་སྒྲུབ་ཀྱི་མཆོད་རྫས་ཀ་རིང་བཞི་ལ་ཀ་འཕན་བཞི་དང་། རྒྱལ་མཚན་གསུམ། ཕྱེ་ཕུར་གསུམ། གདུང་ཁེབས་གཉིས། མཐོང་སྐོར་ལ་ལྕེ་འཛར་ཆ་ཚང་བཅས་ཕུལ།

{{#arraymap:བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་

|; |@@@ | | }}